ཡིད་སྐྱོ་བའི་གནས་ཚུལ།

[ཟླ་ཚེས། 2019-02-16 10:22:18][རྩོམ་པ་པོ། དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1550283795352172.jpg

1550283795939771.jpg

1550283838285257.jpg

ཡིད་སྐྱོ་བའི་གནས་ཚུལ།

རྒྱལ་བའི་མཆོག་ལ་སྐྱེ་འཆི་མི་མངའ་ཡང་། །
རྟག་པར་འཛིན་རྣམས་སུན་ཕྱུང་དགེ་བསྐུལ་ཕྱིར། །
མི་རྟག་ཚུལ་བསྟན་དགོངས་པ་མྱ་ངན་འདས། །

ཞེས་གསུངས་པ་ལྟར་སྙིགས་དུས་ཀྱི་འདྲེན་མཆོག་དམ་པ། རང་ཅག་སྐྱབས་འོག་དད་འབངས་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས། མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི༧མཁན་རབས་དང་པོ་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་རེ་ཞིག་རྟག་འཛིན་ཅན་རྣམས་སུན་ཕྱུང་ཕྱིར། བོད་ས་ཕག་ལོའི་ཟླ་བ་༡བའི་ཚེས་༡༠ཉིན༼སྤྱི་ལོ་༢༠༡༩ལོའི་ཟླ་བ་༢བའི་ཚེས་༡༤ཉིན༽གྱི་སྔ་དྲོའི་པེ་ཅིང་ཆུ་ཚོད་༡༡དང་སྐར་མ་༡༨སྟེང་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་འབྲེལ་ཡོད་རྒྱ་ཆེའི་མི་མང་ཡོངས་ལ་ཞུས་པ་ལགས། དེ་འདྲའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པ། ཡང་སྒོས་མདོ་སྨད་ཤར་ཁོག་གི་བསྟན་སྲིད་གཉིས་ཐད་ནས་བཟོད་གླག་མེད་པའི་གྱོང་གུད་ཀྱི་གནས་སུ་ཆགས་པ་ནི་སྨྲོས་མ་དགོས་པ་རེད། དེ་ཕྱིར་ཕྱོགས་དང་རིས་སུ་མ་ཆད་པའི་འབྲེལ་ཡོད་མི་མང་ཡོངས་ནས་ཉིན་མཚན་དབྱེར་མེད་དུ་རྣམ་དཀར་དགེ་བའི་ཚོགས་ཆེན་བསགས་ཤིང་སྡིག་པའི་ཕྱོགས་ཀུན་སྤོང་པའི་ལས་ལ་འབད་པར་འཚལ། གཞན་སྐུ་གདུང་རིན་པོ་ཆེ་མཇལ་ཞུ་སོགས་ཀྱི་དུས་ཚོད་གནས་ཚུལ་རྣམས་རིམ་བཞིན་རྒྱས་འབུལ་ཞུ་རྒྱུ་ལགས་སོ། །

བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ཁང་ནས་སྤྱི་ལོ་༢༠༡༩་༢་༡༦ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།