ཡིད་སྐྱོ་བའི་གནས་ཚུལ།

[ཟླ་ཚེས། 2019-02-06 08:09:22][རྩོམ་པ་པོ། དཔོན་དགོན་ཨུ་ཡོན་ལྷན་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1549411786679428.jpg

དེ་རིང་སྟེ་ཕྱི་ལོ་༢༠༡༩// /ཉིན་གྱི་ཞོགས་པ་ཐོ་རེངས་སྟག་གི་དུས་ཕྱག་ཚོད། / སྐར་མ། ༡༠ ཡི་ཐོག་ནས་ལྷོ་ཁོག་བསྟན་པའི་གསལ་བྱེད་ཁྱུང་དཀར་དཔོན་རྒན་དགོན་གྱི ཁྲི་འཛིན་དམ་པ་ངེས་པ་དོན་གྱི་རྣལ་འབྱོར་བ་ཆེན་པོ རྩ་བའི་བླ་མ་ཏི་སེ་རྒྱལ་བ་དཔལ་བཟང་པོ་མཆོག  དགུང་ལོ་བདུན་ཅུ་དོན་བདུན་བཞེས་ཏེ་འགྲོ་དོན་རྒྱ་ལག་ཕྱེད་ནས། རང་དགོན་དཔོན་རྒན་གཡུང་དྲུང་དར་རྒྱས་གླིང་གི་བླ་བྲང་ཉི་ཟེར་འབར་བའི་ཕོ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་པའི་ཡིད་སྐྱོའི་གནས་ཚུལ་འདི་ཉིད།  རྒྱ་ཆེའི་དད་འབངས་ཡོངས་ལ་མ་ཞུས་ཐབས་མེད་བྱུང་ཡོད།  དེར་བརྟེན་དད་ལྡན་སློབ་འབངས་ཀུན་གྱིས་དགེ་སྒྲུབ་སྡིག་སྤོང་ལ་བརྩོན་རྒྱུ་གལ་ཆེན་ཡིན་པ་དང་།  སྐུ་གདུང་རིན་པོ་ཆེ་ཞལ་མཇལ་དུས་ཚིགས་གཏན་ཁེལ་བྱུང་མཚམས་གསལ་བརྡ་ཞུ་འཆར་ལགས་ན།  དེ་ལུགས་དགོངས་འཇགས་གནང་བར་འཚལ།

1549411786984868.jpg

ཁྱུང་དཀར་དཔོན་རྒན་དགོན་གྱི་བདག་གཉེར་ཨུ་ཡོན་ལྷན་ཁང་དང་གོ་སྒྲིག་ཚན་ཆུང་ནས་སྤེལ།

                             ༢༠༡༩///ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།