ཁྱུང་ནག་དགོན་པའི་རྒྱུགས་སྤྲོད་དང་བྱ་དགའ་གནང་བའི་མཛད་སྒོ།

[ཟླ་ཚེས། 2019-01-26 10:48:56][རྩོམ་པ་པོ། དགེ་བཤེས་བསོད་ནམས་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1548471455734552.jpg

    ༧ ང་ཚོའི་སྐྱབས་ཀྱི་སེམས་དཔའ། བོན་གྱི་གཙུག་རྒྱན་ཆེན་མོ་རྒྱལ་བ་སྨན་རིའི་ཚང་གི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱིས་ཐུགས་དགོངས་སྤྱན་གཟིགས་ཟབ་མོའི་འོག་ནས།  དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་གི་སྒོ་བཞི་མཛོད་ལྔའི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ། སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོ་ཡི་ལོ་མཇུག་རྒྱུགས་སྤྲོད་ཀྱི་གཟེངས་རྟགས་བྱ་དགའ་སྤྲད་པའི་རྣམ་པ་ཟུར་ཙམ་འདི་ནས་བཀོད་པ་ལགས།   ང་ཚོའི་སྟོན་པ་རྣམ་པར་དག་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག སྐུ་སྐྱེ་བ་བཞེས་པའི་དུས་ཁྱད་པར་ཅན་རྒྱལ་གྱི་ཟླ་བ་འདི་ཡི་ནང་དུ་ལོ་རྟག་པར་སྡེ་དགོན་ཟུང་གིས་ཨ་དཀར་འབུམ་སྒྲུབ་ཆེན་མོ་ཉིན་བདུན་གྱི་རིང་ལ་འཚོགས་སྲོལ་ཡོད་པ་བཞིན།

1548471455995583.jpg

   འདི་ཟླའི་བོད་ཚེས་བཅུ་གསུམ་ནས་མཆོད་བཤམས་བཅའ་བཀོད་སོགས་ཀྱི་སྟ་གོན་ལེགས་པར་མཛད་ནས།  བོད་ཚེས་བཅུ་བཞི་ནས་འགོ་བཟུང་ཁྱུང་ནག་དགོན་གྱི་སྐྱ་སེར་ལྷ་སྡེ་རྣམས་སྟབས་གཅིག་ཏུ་འཚོགས་ནས་ཉིན་བདུན་གྱི་རིང་ལ་དུ་ཏྲི་སུ་ཡི་གསུང་དབྱངས་ལྷང་ལྷང་དུ་བསྒྲགས་པ་དང་། འདི་ཟླའི་ཚེས་བཅོ་ལྔ་དང་བཅུ་དྲུག་ལ་ཡང་ལྷ་སྡེ་མི་ཉུང་བ་བསྙེན་སྨྱུང་གི་སྡོམ་སྒོ་ལ་ཞུགས་ནས། ཡང་དག་པའི་བསྙེན་གནས་ཀྱི་བསྲུང་བྱ་བསྲུང་བ་ལ་མི་འདའ་བའི་དམ་བཅས་ནས་སྒོ་གསུམ་རྣམ་པར་དག་པའི་དགེ་བ་ལེགས་ཤིང་གྲུབ་པ་དང་།  གཞན་ཡང་ལོ་ལྟར་ལྷ་སྡེ་བཀའ་དྲིན་ཅན་གྱིས་རྒྱབ་སྐྱོར་རླབས་ཆེན་མཛད་པ་ལ་བསྟེན་ནས། ད་ལན་ཨ་དཀར་འབུམ་སྒྲུབ་ཆེན་མོ་ཐེངས་དགུ་པ་འཚོགས་པའི་དུས་ཚིག་འདི་ལ་ཡང་།   དགོན་འདི་ཡི་བསྟན་བདག་ཆེན་མོ་མཁན་པོ་བསམ་གཏན་དགེ་ལེགས་དང་།  མཁན་པོ་ཡེ་ཤེས་རབ་གསལ་རྣམ་གཉིས་དབུ་རུ་བཞུགས་པའི་སྐལ་བཟང་འོག་དང་། བླ་གྲྭ་ལྷ་སྡེ་རྣམ་པ་མཉམ་འཛོམས་ངང་དུ། ད་ལོའི་ཨ་དཀར་འབུམ་སྒྲུབ་ཆེན་མོ་འདི་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་གྲུབ་བྱུང་ལ་ཉེ་བའི་ཉིན་དྲུག་པ་ཉིན་མོར། འདི་གའི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོ་ཡི། ལོ་མཇུག་རྒྱུགས་སྤྲོད་ཀྱི་གཟེངས་རྟགས་བྱ་དགའ་སྤྲད་པའི་གནས་བསྡུས་ཙམ་དང་།  རྒྱུགས་སྤྲོད་ཀྱི་ཐོབ་སྐར་དང་ཨང་རིམ་གཤམ་གསལ་ལྟར་དུ་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་བཀའ་དྲིན་ལེགས་གསོལ་མཚོན་བྱེད་ཨང་རིམ་ལ་ལྟོས་པའི་ཀྲུང་སྒོར་བརྒྱ་ཤོག་དམར་པོ་དང་དྲི་མེད་ལྷ་དར་དཀར་པོ་སྦྲེལ་ནས་གཟེངས་རྟགས་འབུལ་བ་ལགས་སོ།།

1548471456132869.jpg

   སྤྱི་ལོ་༢༠༡༨ / ལོ་ཡི་གཞུང་ལུགས་རྒྱུགས་སྤྲོད་ཨང་དང་པོ།  རྟགས་རིགས་འཛིན་གྲྭའི་སློབ་གཉེར་བ།  བསྟན་འཛིན་རྒྱལ་མཚན།  ཐོབ་སྐར།  ༩༠   གཞུང་ལུགས་རྒྱུགས་སྤྲོད་ཨང་གཉིས་པ།  རྟགས་རིགས་འཛིན་གྲྭའི་སློབ་གཉེར་བ། གཤེན་སྟོན་ནམ་མཁའ། ཐོབ་སྐར། ༨༢  གཞུང་ལུགས་རྒྱུགས་སྤྲོད་ཨང་གཉིས་པ། བསྡུས་གྲྭ་འཛིན་གྲྭའི་སློབ་གཉེར་བ། ཟླ་བ་རྒྱལ་མཚན་དང་།    སྨོན་ལམ་འོད་ཟེར།  ཐོབ་སྐར།   ༨༨  ༨༠   གཞུང་ལུགས་རྒྱུགས་སྤྲོད་ཨང་གསུམ་པ།  རྟགས་རིགས་འཛིན་གྲྭའི་སློབ་གཉེར་བ། གཙུག་ཕུད་རྒྱལ་མཚན་དང་། དངོས་གྲུབ་རྒྱལ་མཚན། ཐོབ་སྐར། ༦༨ ༦༨   བསྡུས་གྲྭ་འཛིན་གྲྭའི་སློབ་གཉེར་བ། ཡོན་ཏན་རྒྱལ་མཚན་དང་།  གཡུང་དྲུང་དོན་ལྡན།  ཐོབ་སྐར། ༧༠ ༦༨   སྒོབ་སྒྲུབ་སློབ་གཉེར་བ། ཚུལ་ཁྲིམས་དཔལ་ལྡན་མཆོག་ལ། ལེགས་མཚོན་བྱ་དགའ་ཐོབ་ཡོད་པ་བཅས་སོ།།

1548471456106981.jpg

   སུམ་རྟགས་སྐོར་གྱི་རིག་གནས་རྒྱུགས་སྤྲོད་ཨང་དང་པོ། གཤེན་སྟོན་ནམ་མཁའ།   ཐོབ་སྐར།  ༩༧   སུམ་རྟགས་སྐོར་གྱི་རིག་གནས་རྒྱུགས་སྤྲོད་ཨང་གཉིས་པ།  བསྟན་འཛིན་རྒྱལ་མཚན། ཐོབ་སྐར། ༩༢    གཙུག་ཕུད་རྒྱལ་མཚན།  ཐོབ་སྐར། ༨༢    སུམ་རྟགས་སྐོར་གྱི་རིག་གནས་རྒྱུགས་སྤྲོད་ཨང་གསུམ་པ།  ནམ་མཁའ་བསྟན་འཛིན་དང་། ཟླ་བ་རྒྱལ་མཚན།    ཐོབ་སྐར།  ༦༨   ༦༨  བཤད་སྒྲུབ་སློབ་གཉེར་བ་ཤེས་རབ་བསྟན་འཛིན་ལ་རིག་གནས་ལེགས་མཚོན་བྱ་དགའ་ཐོབ་ཡོད་པ་བཅས་སོ།།

1548471456608942.jpg

   སྤྱི་ལོ་/ ༢༠༡༨ / ལོ་ཡི་ནང་ཚུན་ལ་ངག་རྒྱུགས་འཕར་མ་སྤྲད་མཁན། གཤེན་སྟོན་ནམ་མཁའ་ནས། རྟགས་རིགས་དང་ཐལ་འགྱུར་ཆ་ཚང་། བསྟན་འཛིན་རྒྱལ་མཚན་ནས། རྟགས་རིགས་དང་ཐལ་འགྱུར་ཆ་ཚང་།   བསྡུས་གྲྭ་འཛིན་གྲྭའི་སློབ་གཉེར་བ། ཟླ་བ་རྒྱལ་མཚན་ནས། ཀུན་མཁྱེན་བསྡུས་གྲྭ་ཆ་ཚང་།  གཙུག་ཕུད་རྒྱལ་མཚན་ནས། ཐལ་འགྱུར་ཆ་ཚང་། ཚུལ་ཁྲིམས་འོད་ཟེར་ནས།  ཐལ་འགྱུར་ཆ་ཚང་།   གཡུང་དྲུང་འོད་ཟེར་ནས། ཐལ་འགྱུར་ཆ་ཚང་།  དངོས་གྲུབ་རྒྱལ་མཚན་ནས།  ཐལ་འགྱུར་ཆ་ཚང་།  རྒྱལ་མཚན་ཚུལ་ཁྲིམས་ནས། ཐལ་འགྱུར་ཆ་ཚང་།  ནམ་མཁའ་བསྟན་འཛིན་ནས། ཐལ་འགྱུར་ཆ་ཚང་བཅས་མི་རེ་རེས་ངག་རྒྱུགས་སྤྲད་ཐེངས་རེ་ལ་ཤོག་ལྷེ་མང་པོ་སྟབས་གཅིག་ཏུ་ཕུལ་བ་ལགས་སོ།།

1548471456114421.jpg

   ང་ཚོའི་བཤད་སྒྲུབ་སློབ་གཉེར་བ་རྣམ་པས་ལོ་སྔོན་མའི་ནང་དུ་སློབ་སྦྱོང་ལ་འབད་བརྩོན་ཞུམ་མེད་མཛད་པ་ལ། མགོན་གྱི་ལྷ་མི་གཤེན་གྱི་སྡོང་གྲོགས་རྒྱ་ཆེན་མཛད་པ་དང་། འོག་གི་ལྷ་སྡེ་རྣམ་པས་ཟས་གོས་གནས་མལ་སོགས་ཀྱི་བཀའ་དྲིན་རྒྱབ་སྐྱོར་རླབས་ཆེན་མཛད་པ་ལ་བརྟེན་ནས། སྤྱི་ལོ་ /༢༠༡༨ / ལོ་ཡི་ངེད་ཁྱུང་ནག་དགོན་སྒོ་བཞི་མཛོད་ལྔའི་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱི་ལོ་གཅིག་རིང་གི་སློབ་སྦྱོང་གྲུབ་འབྲས་གང་ལ་འཚམས་ཤིང་དེ་དང་མཐུན་པ་འགོ་བཀྲིས་ཤིང་། མཇུག་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་གྲུབ་བྱུང་བ་ལགས་སོ།།

1548471455834773.jpg

གནས་སྐབས་དགེན་མིང་ཙམ་འཛིན་པ་བསོད་ནམས་བློ་གྲོས་ནས་ཚང་མ་ལ་བཀྲིས་བདེ་ལེགས་ཞུ་ཞུ།
སྤྱི་ལོ/ ༢༠༡༩/༡/༢༥/དགོང་མོར་སྤེལ་ལོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།