ཁྱུང་པོ་སྟེང་ཆེན་དགོན་ནས་བོན་བརྒྱ་ཚང་ལ་གདུང་མཆོད་རྒྱས་འབུལ་མཛད་པ།

[ཟླ་ཚེས། 2018-08-27 00:30:20][རྩོམ་པ་པོ། མི་དགེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180827001049.jpg

དཔལ་ཁྱུང་པོ་སྟེང་ཆེན་དགོན་གྱི་འདུས་པ་སྤྱི་ནས་བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་གདུང་མཆོད་རྒྱས་འབུལ་མཛད་པ།

 微信图片_20180827001018.jpg

    དེ་ཡང་གཡུང་དྲུང་བོན་གྱི་བསྟན་པའི་ཁུར་ཆེན་འདེགས་པའི་དམ་པ་སྟེ། མདོ་སྔགས་རྫོགས་གསུམ་ལ་མངའ་བརྙེས་ཤིང་བཅུ་ཕྲག་རིག་པའི་གནས་ཆེན་ཀུན་ལ་བྱན་ཆུད་པའི་སྐྱེས་ཆེན་དམ་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་སྐུ་ཞི་བར་གཤེགས་པར་འདི་གའི་ཁྱུང་པོ་སྟེང་ཆེན་དགོན་ནས་བོད་ཚེས་བཅོ་ལྔ་ལ་བསྟུན་ཏེ། ཉིན་གཅིག་ལ་གདུང་མཆོད་རྒྱས་འབུལ་བྱས་ཤིང་། དམ་པ་གང་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་ནས་རྣམ་ལྔའི་མཆོད་པ་བཤམས་ཤིང་འདུས་མང་ཡོངས་ནས་བླ་མ་མཆོད་པའི་སྒོ་ནས་གདུང་མཆོད་གསོལ་འདེབས་དང་། ཚེ་དབང་སྨོན་ལམ་བཅས་ཀྱིས་གདུང་སེམས་མཉམ་བསྐྱེད་ཞུས་སོ།།


སྤྱི་ལོ༢༠༡༨.༨.༢༦ཉིན་མི་དགེ་ནས།

微信图片_20180827001026.jpg

微信图片_20180827001101.jpg

微信图片_20180827001001.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།