རྫ་སྟེང་ཆེན་དགོན་གྱིས་བོན་བརྒྱ་རིན་པོ་ཆེར་གདུང་མཆོད་འབུལ་བ།

[ཟླ་ཚེས། 2018-08-24 22:12:35][རྩོམ་པ་པོ། དབྲ་དཀར་གཞན་ཕན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180824220253.jpg

རྫ་སྟེང་ཆེན་དགོན་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་གི་འདུས་པ་སྤྱི་ནས་བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་གདུང་མཆོད་རྒྱས་འབུལ་མཛད་པ།

微信图片_20180824220221.jpg 

ཀུན་ཀྱིས་མཁྱེན་གསལ་ལྟར་གོང་ཚེས་བཅུ་གཉིས་ནས་མཁས་གྲུབ་སྨྲ་བའི་སེང་ཆེན་རྗེ་བླ་མ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ཡེ་ནས་ཀ་དག་སྟོང་ཆེན་གྱི་ཀློང་ནས་གཡོ་བ་མེད་ཀྱང་གཡོ་བའི་ཚུལ་བསྟན་ཏེ་གསང་གསུམ་གྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་རིག་པའི་རྩལ་དུ་ཤར་ནས་དུས་ཀྱི་གཉན་འཕྲང་ལ་རྒྱལ་བསྟན་སྲོག་གི་རྒྱུན་ཐག་བསྲིང་སྟེ་དགུང་གྲངས་གྱ་བཞི་བར་ཞལ་མངོན་པར་འཚོ་མཐར་རེ་ཞིག་ལྷུན་གྲུབ་ཀྱི་རྩལ་ཐམས་ཅད་ནང་དབྱིངས་ཀ་དག་གི་གྲོང་དུ་བསྡུས་པ་ཐོས་ཕྲལ།

 微信图片_20180824220233.jpg

མྱ་ངན་དང་བཅས་ངེད་རྫ་སྟེང་ཆེན་དགོན་གྱི་བསྟན་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མེད་པ་དབྲ་སྟོན་རིན་པོ་ཆེ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་གི་ཐུགས་བཀོད་ལྟར་བདག་གཉེར་དོ་དམ་ཁང་གིས་མཐུན་སྦྱོར་གནང་ནས་རྗེ་ཉིད་ཀྱི་སྐུ་པར་ཆེན་མོའི་མདུན་དུ་མཆོད་ཚོགས་རྒྱ་ཆེར་གཤམ་ནས་འདུས་མང་ཉི་འཚོགས་བྱས་ཏེ།

 微信图片_20180824220203.jpg

བླ་མའི་གསོལ་འདེབས་དང་།   བླ་མ་མཆོད་པ།  བོན་སྐུ་སྨོན་ལམ།  ངེས་འབྱུང་སྐྱོ་ཤས་སྨོན་ལམ།  ཀུན་རིག་སྒྲོན་མའི་མཆོད་སྦྱིན་རྒྱས་པ།  ལྷ་སྡེ་མི་མང་ཡོངས་ནས་ཁས་བླངས་དགེ་བསྐུལ་རྒྱ་ཆེར་གྲུབ་སོང་།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།