ཁྱུང་རིག་གནས་དཔྱད་གླེང་སྐབས་གཉིས་པ་འཚོགས་པ།

[ཟླ་ཚེས། 2018-08-17 15:33:09][རྩོམ་པ་པོ། གཡུང་དྲུང་བཀྲ་ཤིས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1534492369230865.jpg1534492370126040.jpg

    ༢༠ ༡༨ལོའི་བོད་ཟླ་༦པའི་ཚེས་༢༧དང་། སྤྱི་ཟླ་༨/ རེས་གཟའ་ལྷག་པ་ནས་——བོད་ཚེས་༢༩ སྤྱི་ཚེས་༡༠ རེས་གཟའ་པ་སངས་བར་ཉིན་གསུམ་གྱི་རིང་གནའ་བོའི་ཞང་བོད་ལྗོངས་ཆེན་གྱི་སྒོ་པ།  དེང་བོད་ལྗོངས་ཁྱུང་པོ་སྟེང་ཆེན་རྫོང་དུ་«ཁྱུང་རིག་གནས་དཔྱད་གླེང་སྐབས་གཉིས་པ»འི་འཚོགས་འདུ་བསྐོང་ཚོགས་བྱས་པས་གྲ་རྒྱས་ཕུན་སུམ་ཚོགས་པའི་ངང་ནས་སྤྱི་ཟླ་༨པའི་ཚེས་༡༠ཉིན་གཏམ་བཟང་དང་དགོད་སྒྲའི་ཁྲོད་མཇུག་ཡོངས་སུ་བསྒྲིལ་བ་རེད།    དེ་ཡང་རྫོང་ཨུད་ཧྲུའུ་ཅི་འཇིགས་མེད་དབང་འདུས་མཆོག་དང་། རྫོང་དཔོན་ལོའི་ཀོང་ཆན་མཆོག  རྫོང་དཔོན་སྐུ་གཞོན་ཐེལ་བྷོ་ཚེ་རིང་མཆོག  རྫོང་རིག་གནས་ཅུས་ཀྱི་ཅུས་ཀྲང་བློ་གྲོས་རྒྱལ་མཚན་མཆོག  རྫོང་སྨན་རྩིས་ཁང་གི་གླིང་གཙོ་གླིང་སྨན་གཡུང་དྲུང་བཀྲ་ཤིས་མཆོག་བཅས་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་བླ་ན་མེད་པའི་འོག   མཁས་དབང་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གཙོ་བོར་དབུས་པའི་ཁྱུང་རིག་གནས་དཔྱད་གླེང་གོ་སྒྲིག་ཚན་པས་གྲ་སྒྲིག་ཞིབ་ཚགས་ལ་ཁྱད་དུ་འཕགས་པ་ཞུས་པའི་ཉེར་ལེན་ལ་བརྟེན་ནས་སྤྱི་ལོ་༢༠༡༨ལོའི་ཟླ་༨པའི་ཚེས་༨སྔ་དྲོ་ཕྱག་ཚོད་༨སྐར་མ་༨ཐོག་སྟེང་ཆེན་རྫོང་གི་ཚོགས་ཁང་ཆེན་མོའི་ནང་དུ་འདུ་འཛོམས་གཟབ་རྒྱས་བྱུང་བ་རེད། 

1533888035351854.jpg1534492369895577.jpg

    ཉིན་དང་པོར་རྫོང་ཨུད་ཧྲུའུ་ཅི་འཇིགས་མེད་དབང་འདུས་མཆོག་ནས་ཁྱུང་རིག་གནས་དཔྱད་གླེང་སྐབས་གཉིས་པའི་འགོ་འཛུགས་གསུངས་བཤད་གྱ་ནོམ་པ་གནང་ནས་དཔྱད་གླེང་དངོས་སུ་འགོ་ཚུགས་ཞིང་། དཔྱད་གླེང་གོ་རིམ་ལྡན་ལ་དུས་ཚོད་ཚད་གཞི་ངེས་ཅན་བཟོས་ཏེ་རྒྱལ་སྤྱིའི་སྤྱི་འགྲོས་ལྟར་སོང་བ་དང་།  

1534492370187059.jpg

   དེའི་ནང་ཐོག་མའི་དཔྱད་གླེང་མཁན་མཁས་དབང་དབྲ་ཁྱུང་སྐལ་བཟང་ནོར་བུ་ནས་ཁྱུང་རིག་གནས་གི་ངོ་བོ་དང་ཁ་ཕྱོགས་དམིགས་ཡུལ་སོགས་ངོ་སྤྲོད་གནང་ནས།

1534492370751291.jpg1534492370597281.jpg1534492370381261.jpg

   རིམ་བཞིན་མཁས་དབང་དོན་གྲུབ་ལྷ་རྒྱལ་དང་།   ཉམས་ཞིབ་པ་བན་ཤུལ་དཔལ་མཁར་རྒྱལ།  མཁས་དབང་པ་སངས་དབང་འདུས། མཁས་དབང་ཚེ་རིང་འགྱུར་མེད། ཉམས་ཞིབ་པ་ཀུན་དགའ་ཡེ་ཤེས།   ཞང་ཞུང་རིག་དངོས་ཉམས་ཞིབ་པ་ཚེ་རྒྱལ། འབུམ་རམས་པ་དབྱངས་དགའ། ཉམས་ཞིབ་པ་བཞད་གཞུང་བསོད་ནམས། མཁས་དབང་ཐུབ་བསྟན་ཕུན་ཚོགས།   རལ་པའི་བྲོ་ཡི་ཉམས་ཞིབ་པ་བསམ་དཀར་སྒྲོན་མ།   འཇང་པའི་རིག་གནས་ཉམས་ཞིབ་པ་རྒན་རྨུ་ཧྲི་ཧྭ། མཁས་དབང་རྒྱལ་མོ་འབྲུག་པ། ཉམས་ཞིབ་པ་ཁ་སྒང་བཀྲ་ཤིས་ཚེ་རིང་། ཉམས་ཞིབ་པ་མགོན་པོ་རྡོ་རྗེ། མཁས་དབང་ཤར་པ་ཐོགས་མེད། ཉམས་ཞིབ་པ་བསོད་ནམས་གཡུང་དྲུང་། མཁས་དབང་ཚེ་དབང་རིག་འཛིན།  གསོ་རིག་ཉམས་ཞིབ་པ་གླིང་སྨན་གཡུང་དྲུང་བཀྲ་ཤིས།  ཉམས་ཞིབ་པ་ཁྱུང་པོ་དཔལ་རྒྱལ་ལ་སོགས་བོད་རིག་པའི་གནས་ལ་ཞིབ་འཇུག་གནང་མཁན་ཉི་ཤུ་ལྷག་གིས་ཞང་ཞུང་དང་ཁྱུང་པོའི་རིག་གནས་དང་འབྲེལ་བའི་རིག་གཞུང་། ལོ་རྒྱུས། རི་མོ། དངོས་རྫས། གནའ་ཤུལ། བྲོ་གར། སྨན་རྩིས། མཁར་རྫོང་། མི་སྣ།  ས་གནས་སོགས་ཀྱི་སྐོར་ནས་དཔྱད་གླེང་ལྷུག་པོར་གནང་ཞིང་།


    ཚོགས་ཞུགས་མི་སྣ་ཉིས་བརྒྱ་ལྷག་ལ་བློ་སྐྱེད་ཟབ་མོ་འཐོབ་ཐུབ་པ་བྱུང་བ་མ་ཟད་ལྟ་བ་གུ་ཡངས་ཀྱི་ལམ་ནས་རིན་ཐང་ཆེ་བའི་འདྲི་བ་དྲིས་ལན་ཚ་ཚ་འུར་འུར་གནང་སོང་།


   ད་དུང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་མཁས་དབང་པ་སངས་དབང་འདུས་དང་ཐུབ་བསྟན་ཕུན་ཚོགས་སོགས་ཀྱིས་ད་རེས་ཀྱི་རྫོང་རིམ་པའི་དཔྱད་གླེང་དེ་རྒྱལ་སྤྱི་རིམ་པའི་དཔྱད་གླེང་ལྟ་བུའི་གཟི་བརྗིད་དང་རིན་ཐང་ཆེན་པོ་ལྡན་སོང་ཅེས་ཡང་ཡང་ཞལ་ནས་གསུངས་པ་ཐོས། 

1534492368132998.jpg

   མཐའ་མའི་ཚེས་༡༠ཉིན་མོར་སྔ་དྲོ་གདན་ཞུས་མཁས་དབང་རྣམ་མ་འོངས་ཁྱུང་རིག་གནས་ཀྱི་ལས་འཆར་སློབ་གཏོང་དང་། ཞང་བོད་ཡིག་ཐང་ཆེན་མོ་དང་ཕྱི་དྲོ་ཞང་བོད་སྨན་རྩིས་གླིང་།  དེ་ནས་སྨོན་རྒྱལ་དཔྱད་བུའི་སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་གནང་དུ་ཕེབས།  མཇུག་མཐར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཛུབ་སྟོན་པ་ཤར་པ་ཐོགས་མེད་ལགས་ནས་ཁྱུང་རིག་གནས་དཔྱད་གླེང་སྐབས་གཉིས་པའི་ཚོགས་འདུའི་ཕྱོགས་བསྡོམས་སྙན་ཞུ་གནང་བ་མ་ཟད། རྫོང་དཔོན་ལོའི་ཀོང་ཆན་ལགས་ཀྱིས་མཇུག་བསྡུ་གཏམ་བཤད་སྤེལ་ནས་ཐུགས་དགྱེས་པ་ཆེན་མོའི་ངང་ཁྱུང་རིག་གནས་དཔྱད་གླེང་སྐབས་གཉིས་པའི་ཚོགས་འདུ་ཡོངས་སུ་མཇུག་བསྒྲིལ་བའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།