ཁམས་སྡེ་དགེ་ལྔ་རིག་བོན་གླིང་གི་ཉེ་བའི་གསར་འགྱུར་ཡག་ཤོས།

[ཟླ་ཚེས། 2018-08-11 10:31:38][རྩོམ་པ་པོ། ཁམས་རྒྱལ་སྲས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1533954727805124.jpg 

   སྤྱི་ལོ༢༠༡༨ལོའི་སྤྱི་ཟླ༧པའི་ཚེས༢༩ཉིན་ངེད་ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་ལ་དུས་གསུམ་ཆད་མེད་དུ་གསོལ་ཟས་སོགས་སློབ་སྦྱོང་གི་མཐུན་རྐྱེན་ཆ་ཚང་གནང་དང་གནང་བཞིན་པའི་ཐུགས་སྟོབས་བླ་མེད་ཀྱི་བདག་པོ་གངས་ལྗོངས་གཡུང་དྲུང་བོན་ཞི་བདེའི་སྨོན་ལམ་ཆེན་མོའི་ཚོགས་གཙོ། རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་གྱི་བསྟན་བདག་བླ་མ་མཆོག་སྤྲུལ་པདྨ་རིན་ཆེན་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་སྟོད་ཀྱི་གངས་རི་མཚོ་གསུམ་དང་གནས་ཆེན་ཀོང་པོ་བོན་རི་སོགས་བོན་གྱི་གནས་ཆེན་ཁག་ལ་གནས་མཇལ་དུ་ཕེབས་ཏེ་ཕྱིར་བདེ་ལེགས་ངང་ཕེབས་སྐབས། བླ་མ་ཁོང་གིས་གཟིགས་སྐྱོང་གནང་བཞིན་པའི་ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་དུ་ཕེབས་པ།

   1533954727126896.jpg

   དགོན་འདིའི་མཆོག་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་བསྟན་འཛིན་གྱིས་དབུ་འདྲེན་འོག་ཁམས་དམེ་ཤོད་ལུང་གི་བོན་འབངས་ལྷ་སྡེ་མི་སྡེ་ཡོངས་ནས་མཆོག་སྤྲུལ་པདྨ་རིན་ཆེན་རིན་པོ་ཆེ་རྟ་བ་དང་རླངས་འཁོར་བརྒྱ་ཕྲག་གིས་ས་ལེའུ་བར་མང་པོའི་བར་ནས་ཁམས་ཀྱི་རིན་སྤུངས་དགོན་དུ་ཆིབས་བསུ་གནང་། དགོན་འདབས་སུ་བྱོན་པ་དང་མཉམ་དུ་བླ་གྲྭ་མང་པོས་གདུགས་དང་། རྒྱལ་མཚན། དར་དང་བ་དན་སོགས་རིན་པོ་ཆེའི་མཆོད་རྫས་སྣ་མང་དང་། རྔ་དང་གཤང་། དུང་དང་རྒྱ་གླིང་སོགས་རོལ་མོའི་མཆོད་པ་སྣ་ཚོགས་ཀྱིས་མདུན་བསུས་ཏེ་ཚོགས་ཆེན་འདུ་ཁང་དུ་གདན་དྲངས་ཏེ། མཆོག་སྤྲུལ་རིན་པོ་ཆེ་ལ་བརྟན་བཞུགས་ཀྱི་མཆོད་པ་སྣ་ཚོགས་གང་གི་སྐུ་ཕྱྭ་འགྱུར་མེད་གཡུང་དྲུང་གི་ཁམས་སུ་བརྟན་ཅིང་མཛད་འཕྲིན་དབྱར་ཟླའི་དཔལ་ལ་འགྲན་པའི་ཐུགས་སྨོན་དུ་དངོས་འབྱོར་གྱི་མཆོད་སྤྲིན་སྣ་ཚོགས་མཆོད་པའི་ཚུལ་དུ་བླ་མ་མཆོག་ལ་ཕུལ།

1533954726138773.jpg1533954726778875.jpg

   ཉིན་དེའི་ཕྱི་དྲོ་རིན་སྤུངས་བཀྲ་ཤིས་ཐང་དུ་བླ་མ་མཆོག་ལ་མཆོད་པའི་ཚུལ་དུ་སྡེ་དགེ་བྲོ་ཆེན་སོགས་གཙོ་ཡིན་པའི་གླུ་གར་གྱི་མཆོད་པ་གྱ་ནོམ་པ་དམེ་ཤོད་ལུང་གི་བོན་འབངས་ལྷ་སྡེ་རྣམས་ཀྱིས་འཕུལ།

1533954726839765.jpg1533954726735111.jpg

  ཚེས༣༠ཉིན་ཁམས་སྡེ་དགེ་ལྔ་རིག་བོན་གྱི་སློབ་གླིང་གི་དབྱར་ཁའི་རྒྱུགས་སྤྲོད་ཆེན་མོའི་མཛད་སྒོ་བླ་མ་ཁོང་གི་མདུན་ནས་སྤེལ་ཞིང་། སློབ་མ་རྣམས་ཀྱི་སྐབས་བབ་ཀྱི་སྦྱང་བྱའི་གཞུང་ལས་རྟགས་གསལ་གྱི་ཁ་བྱང་རྣམས་ཤོག་དྲིལ་དུ་བྲིས་ཏེ་ལྷུང་གཟེད་དུ་བཅུགས་པ་རྣམས་སྐབས་བབ་ཀྱི་རིག་སློང་བ་རྣམ་པས་རང་ལ་གང་བབས་པའི་རྟགས་གསལ་གྱི་ཁ་བྱང་ནས་དབུ་བརྩམས་ཏེ་ལུང་པ་རིགས་པ་ཟུང་འབྲེལ་གྱི་ལམ་ནས་རྩོད་པ་རྒྱ་མཚོའི་གཏིང་ཟབ་ཏུ་བརྒལ།

1533954726128019.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།