དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར་རིན་པོ་ཆེ་མཆོག་གིས་བཀའ་དབང་གནང་བ།

[ཟླ་ཚེས། 2018-06-07 22:53:35][རྩོམ་པ་པོ། ཤར་དུག་ལྕེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

000.jpg

      སྤྱི་ལོ་༢༠༡༨ཟླ་དྲུག་པའི་ཚེས་༢ནས་གངས་ལྗོངས་མདོ་སྨད་ཟིང་ཆུ་ཤར་ཁོག་ཏུ་༧ཉམས་རྟོགས་ཀློང་བརྡོལ་གྱི་རྣམ་འདྲེན་དཔོན་གསས་བླ་མ་དམ་པ། དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར་རིན་པོ་ཆེ་མཆོག་གིས་བཀའ་ཁྲིད་དང་བཀའ་དབང་ཟབ་རྒྱས་གནང་།

01.jpg02.jpg 

དེ་ཡང་ལོ་རེའི་འཆར་ཅན་ལྟར་༧མདོ་སྨད་སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་ཉེ་འདབས་མཛེས་ཤིང་ཡིད་དུ་འོང་བའི་སྤང་ལུང་ནང་ཞེས་པ་རུ་སྤྱི་ཟླ་དྲུག་པའི་ཚེས་གཉིས་ནས་དབུ་བཙུགས་ཏེ་ཉི་མ་བཞི་ཡི་རིང་ལ་མ་ཏྲི་དང་དུ་ཏྲི་སུ། ཡིག་བརྒྱ་བཅས་ཀྱི་བཀའ་ཁྲིད་གནང་བཞིན་ཡོད་པའི་སྐབས་དང་བསྟུན། གཡུང་དྲུང་བོན་ལ་ཞུགས་པའི་སྐལ་ལྡན་དད་པ་ཅན་གྱི་སྐྱ་སེར་མང་པོས་གཤེན་རབ་རྣམ་པར་རྒྱལ་བའི་བཀའ་དབང་གནང་དགོས་པའི་སྙན་སྒྲོན་ཡང་ནས་ཡང་དུ་ཕུལ་བར་ལྟར་༧རྣམ་འདྲེན་དཔོན་གསས་བླ་མ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་དཔལ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་སྔ་མོར་མདོ་སྨད་སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་དུ་ཞབས་ཀྱིས་བཅགས་པའི་སྐབས་དེར་གཤེན་རབ་རྣམ་པར་རྒྱལ་བའི་བཀའ་དབང་དང་གཅེན་ལྷ་དཔལ་མགོན་བརྒྱུད་རིམ་དང་བཅས་པ་གནང་བྱུང་བས་བརྒྱུད་པའི་ཁུངས་གཙང་མ་ཡོད་ལ་བསྐུར་ཆོག་པའི་ཞལ་གྱི་གསུང་གི་བདུད་རྩི་བསྩལ་བར་བརྟེན་མདོ་སྨད་ཤར་ཁོག་ཡུལ་གྱི་དད་ལྡན་གདུལ་བྱ་ཁྲི་ལས་བརྒལ་བ་ཞིག་ལ་གཤེན་རབ་རྣམ་པར་རྒྱལ་བའི་བཀའ་དབང་གནང་བའི་མཛད་འཕྲིན་བསྐྱངས་ཡོད་པའི་གནས་ཚུལ་རགས་བསྡུས་ཙམ་ཞིག་གོ།

གང་གི་སློབ་མ་ཀུན་ལས་གྱིན་འདའ་བ་ཤར་དུག་ལྕེས་སྤེལ། ༢༠༡༨/༦/༧ཉིན།

03.jpg

05.jpg

06.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།