མཐོང་གྲོལ་རི་ཁྲོད་དགོན་གྱི་ལོ་འཁོར་གྱི་རྒྱུགས་སྤྲོད་གནང་བ།

[ཟླ་ཚེས། 2017-11-30 19:56:57][རྩོམ་པ་པོ། དགག་སྒྲུབ་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཁྱུང་ཡུལ་མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་གྱི་ལོ་འཁོར་གྱི་རྒྱུགས་སྤྲོད་སྐབས་ཀྱི་ངོ་སྤྲོད་མདོར་བསྡུས།
1512043308130528.jpg

   ཉིན་གསུམ་གྱི་རིང་ལ་ལོ་འཁོར་གྱི་རྒྱུགས་སྤྲོད་ཀྱི་མཛད་སྒོ་སྤེལ་ཡོད་པ་རེད། ཉིན་དང་པོ་རྩོད་རྒྱུགས་ཀྱི་སྐབས་སུ་དགོན་འདིའི་རྩ་བླ་རྣམ་གཉིས་དང་བཤད་སྒྲུབ་འདུས་སྡེའི་སློབ་དཔོན་ལགས་དང་སྒྲུབ་གྲྭའི་མཁན་པོ་བཅས་དགེན་རྣམ་པ་དབུ་བཞུགས་ཐོག་ཏུ་ཆུ་ཚོད་དང་པོའི་ཐོག་ཏུ་བཤད་གྲྭ་བ་རྣམས་ཀྱིས་རང་རང་གི་འཛིན་གྲྭ་གང་ཡིན་གྱི་ཐོག་ནས་རང་རང་གི་རྟགས་གསལ་གྱི་བྱང་བུ་གང་བླངས་པ་དེ་དཔོན་གསས་ཀྱིས་བརྒྱུད་བསྒྲགས་མཛད་ཅིང་དེ་ནས་རང་གིས་བློ་རིག་ཡོད་དོ་ཅོག་སྒྱུ་རྩལ་གྱི་འཕྲུལ་འཁོར་ཐོག་ནས་སྐར་ལྔ་ལས་མི་ཉུང་བ་བཀའ་ལུང་དང་སྒྲིག་གཞི་བཞིན་བརྩད་གནང་བ་དང་།

   ཉིན་གཉིས་པར་གཞུང་རྒྱུགས་འབྲི་རྒྱུའི་ཐོག་ནས་ཡིན་ཞིང་བླ་མ་དང་སློབ་དཔོན་དགེན་རྒན་བཅས་དབུ་བཞུགས་ཐོག་ཆུ་ཚོད་དགུ་དང་ཕྱེད་ཀ་ནས་བཅུ་དང་ཕྱེད་ཀ་བར་དུ་བཤད་སྒྲུབ་གཉིས་ཀྱིས་གཞུང་རྒྱུགས་སོ་སོར་ཕྲག་བབ་བཞིན་བཤད་གྲྭ་བ་རྣམས་ཀྱིས་འཛིན་གྲྭ་སོ་སོས་འགོ་མ་རྒྱུད་ཐབས་དྲུག་ལམ་ཁྱེར་ནས་མཇུག་ཐུན་མོང་བསྡུས་གྲྭ་ཡན་རང་ཉིད་འཛིན་གྲྭ་གང་ཡིན་ཐོག་ནས་རྒྱུགས་སྤྲད་པ་དང་།   སྒྲུབ་གྲྭ་བ་རྣམས་ཀྱིས་ཤར་རྫ་རིན་པོ་ཆེས་མཛད་པའི་བཀའ་ལུང་རྒྱ་མཚོ་ནང་གནད་རྣམས་རྒྱུགས་སྤྲད་པ།

   ཉིན་གསུམ་པར་རིག་གནས་ཀྱི་སྐོར་ལ་རྒྱུགས་བླང་ནས་གོང་གི་བླ་སློབ་དང་དགེན་རྣམས་དབུ་བཞུགས་ཐོག་ཞོགས་པ་ཆུ་ཚོད་དགུ་དང་ཕྱེད་ཀ་ནས་བཅུ་དང་ཕྱེད་ཀ་བར་དུ་ཆུ་ཚོད་གཅིག་གི་རིང་དུ་བཤད་སྒྲུབ་གཉིས་ཀྱིས་རིག་གནས་སྐོར་ལ་རང་ཉིད་ཀྱི་བློ་སེམས་ཧྲིལ་དུ་དྲིལ་ནས་རྒྱུགས་སྤྲད་པ་དང་།

1512043310142090.jpg

   མཇུག་ཏུ་ཕྱོགས་གང་སར་བཞུགས་པའི་སྤུན་གྲོགས་ཚོ་ལ་དགྱེས་མཆོད་དམ་མ་འོངས་པར་དྲན་རྟེན་གྱི་ཚུལ་དུ་བླ་སློབ་མཉམ་འཛོམས་ཀྱི་པར་བླངས་ནས་རེ་ཞིག་ལོ་འཁོར་གྱི་རྒྱུགས་སྤྲོད་ཆེན་མོ་དགེ་ལེགས་ཕུན་སུམ་ཚོགས་པའི་ངང་ནས་མཇུག་གྲུབ་བོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།