གཡས་རུའི་འཆད་རྩོད་ཆེན་མོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ།

[ཟླ་ཚེས། 2017-10-21 10:38:41][རྩོམ་པ་པོ། བཤད་སྒྲུབ་སློབ་གླིང་གི་འཕྲིན་སྟེགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1508553815627360.jpg

   མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་རྔ་བ་༧སྣང་ཞིག་དགོན་ཆེན་གྱི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་༢༠༡༧ལོའི་གཡས་རུའི་འཆད་རྩོད་སྐབས་ཀྱི་མཇུག་མཐའི་རྒྱུགས་སྤྲོད་ཐེངས་གཉིས་པ་ནི་སྤྱི་ཟླ་༡༠བའི་ཚེས་༡༧ཉིན་དངོས་སུ་ཚོགས་པ་ཡིན་ལ། སྔ་དྲོ་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་དགེ་སློབ་ལྷན་རྒྱས་འཆད་རའི་ནང་ཕེབས་ཏེ་ཚད་མའི་གླིང་རྐེད་དང་གླིང་སྟོད་གཉིས་ཀྱི་གཏུག་འདུག་དམ་བཅའ་དུས་ཚོད་བཞིའི་རིང་ལ་བཞག དེ་ནས་དགེ་སློབ་ལྷན་རྒྱས་ཀྱིས་གུང་ཟས་བཞེས། ཕྱི་དྲོ་ཆུ་ཚོད་གཉིས་པའི་སྟེང་ནས་ད་ལོ་གསར་དུ་བཙུགས་པའི་མཐར་ཕྱིན་སློབ་མའི་བགྲོ་གླེང་དམ་བཅའ་གཟབ་རྒྱས་ངང་འཚོགས་ཏེ་ཕྱི་དྲོ་ཆུ་ཚོད་དྲུག་བར་དུ་ཚོགས། ཆུ་ཚོད་དྲུག་གི་སྟེང་ད་ལོའི་གཡས་རུའི་འཆད་རྩོད་སྐབས་ཀྱི་གཏུག་འདུག་དམ་བཅའི་སྟེང་རྣམ་པར་རྒྱལ་བའི་གླིང་ཚན་གཉིས་ཏེ་ས་ལམ་གླིང་སྟོད་དང་ཚད་མའི་གླིང་སྟོད་གཉིས་ལ་བྱ་དགའ་དང་། ད་དུང་འཆད་རྩོད་སྐབས་ཀྱི་ཁྲིད་བྱ་ཆ་ཚང་ངག་རྒྱུགས་སུ་ཕུལ་བའི་སློབ་མ་ཚོ་ལ་བྱ་དགའ་སྤྲད་དེ་མཐར་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་དགེ་སློབ་ཡོངས་ཀྱིས་མགྲིན་གཅིག་ངག་གཅིག་ལ་དྲངས་ནས་ད་ལོའི་གཡས་རུའི་འཆད་རྩོད་ཡོངས་སུ་མཇུག་བསྡུས་པ་ལགས་སོ།།

ངོ་མཚར་རིགས་ལམ་རྣལ་མས་སེམས་ཀྱི་རྨོངས་པ་སེལ།།ངོ་མཚར་གཟུ་བོའི་བློ་ཡིས་གཞུང་དོན་བདར་ཤ་གཅོད།།
ངོ་མཚར་མདོ་སྔགས་བསྟན་པའི་བ་དན་མཁའ་ལ་ཕྱར།།ངོ་མཚར་དོན་གྱིས་ཤེས་རབ་ལྡན་རྣམས་ཡིད་དབང་འཕྲོག །


1508553816354280.jpg
འདིར་གངས་ལྗོངས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་༢༠༡༧ལོའི་གཡས་རུའི་འཆད་རྩོད་ཆེན་པོ་འཚོགས་པའི་གནས་བསྡུས་ཙམ་བརྒྱུད་འགོད་ཞུས་ཡོད།
ཉིན་རེའི་འགྲོ་རིམ་སོགས་ཞིབ་ཚགས་གཤམ་གྱི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་འཕྲིན་སྟེགས་སུ་ཕེབས་པར་ཞུ།  གཤེར་རིས་བརྒྱུད་ནས་ནང་དུ་ཕེབས་དགོས།

1508553815480664.jpg



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།