སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་དང་འབྲེལ་བའི་གསལ་བརྡ།

[ཟླ་ཚེས། 2017-10-05 11:45:10][རྩོམ་པ་པོ། པར་སྐྲུན་འགན་ཁུར་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་ཚོགས་ཆུང་གིས་བསྒྲིགས་པའི་«སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན།»
བོད་རྒྱ་སྐད་གཉིས་ཤན་སྦྱར་ཅན་དང་འབྲེལ་བའི་གསལ་བརྡ།

1507175154546847.jpg
1507175154119159.jpg

ཉེ་ཆར་སྤྱིར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བཀའ་དགོངས་འོག་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་ཚོགས་ཆུང་གིས་བསྒྲིགས་པའི་«སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན།»ཅེས་པའི་བོད་རྒྱ་སྐད་གཉིས་ཤན་སྦྱར་ཅན་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་སྐྲུན་རྒྱུའི་གན་རྒྱ་དངོས་སུ་འཇོག་ཐུབ་པ་བྱུང་ཡོད།

དེ་ཡང་ལོ་གཅིག་གི་ཡར་སྔོན་ནས་བོད་མདོ་དབུས་ཁམས་གསུམ་དང་རྒྱ་ནང་གི་རྒྱ་རིགས་བོན་ལ་དད་པ་རྣམས་གཙོས་པའི་ཞལ་འདོན་འདི་ཉིད་དགོས་མཁོ་མཁན་རྣམས་ལ་གསལ་བརྡ་ཕུལ་བ་ལྟར། དེང་གི་བར་དུ་ཚར་ཁྲི་ཕྲག་ལྷག་དགོས་མཁན་བྱུང་ཡོད། འོན་ཀྱང་ད་ཐེངས་ཀྱི་ཞལ་འདོན་འདི་ཉིད་གཞུང་འབྲེལ་ཅན་གྱི་དཔེ་རྟགས་བླངས་ཏེ་དཔར་དུ་སྐྲུན་རྒྱུ་ཡིན་སྟབས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་དེང་བར་དཔེ་སྐྲུན་ཁང་ནས་གན་རྒྱ་འཇོག་ཡ་མ་བྱུང་བས་ཆེད་དུ་རྒྱ་ཆེ་བའི་དགོས་མཁན་རྣམས་ལ་དགོངས་གསོལ་ཞུ། ད་ཟླ་བ་གཅིག་ཡས་མས་ཤིག་ནས་དཔར་དུ་སྐྲུན་ཚར་ཡའི་ལས་ཀ་སྒྲུབ་དང་བསྒྲུབ་བཞིན་ཡོད་པས་དཔར་དུ་བསྐྲུན་ཚར་བ་དང་ཁྱེད་རྣམས་ལ་དུས་ལྟར་བརྡ་སོགས་ཕུལ་ཡོང་ལགས།

ཞེས་སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན་པར་སྐྲུན་འགན་ཁུར་ཚན་ཆུང་གིས་༢༠༡༧་༡༠་༤ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།