ཁམས་ཉག་རོང་བྲག་དབེན་དགོན་ནས་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-10-02 08:13:39][རྩོམ་པ་པོ། ​བྲག་དབེན་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20171002081128.jpg

  ཉག་རོང་རྫོང་བྲག་དབེན་དགོན་གཡུང་དྲུང་མཐོང་སྨོན་གླིང་དང་སྒྲུབ་ཕུག་ཟངས་མཛོད་མ་གཉིས་ནས།     གངས་ཅན་འགྲོ་བའི་མགོན་པོ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་པར་ཐོས་ཕྲལ།  ངེས་པ་དོན་ཀྱི་རྒྱལ་སྲས་དམ་པའི་མཛད་རྗེས་ཀྱིས་འགྲོ་བ་སྤྱི་དང།     བྱེ་བྲག་ཏུ་ཞྭ་དཀར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་འགྲོ་གཉིས་ལ་སྨན་པའི་རླབས་ཆེན་གྱི་མཛད་པ་དང་བཀའ་དྲིན་རྗེས་སུ་དྲན་ཏེ།   ངེད་ཡུལ་དགོན་གཉིས་ཀྱིས་སྐྱོ་གདུང་བློ་ཕམ་ཚད་མེད་ངང་ནས་གསོལ་བ་དྲག་པོས་ཕུར་ཚུགས་སུ་བཏབ་སྟེ།   དགེ་སྒྲུབ་སྡིག་སྤངས་དང་རྣམ་དཀར་དགེ་བའི་ཚོགས་སུ།    ཚོགས་འཁོར་དང་ཕྱག་སྐོར་སོགས་གདུང་མཆོད་འབུལ་བ་དང།    གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་སྨོན་དྲི་མ་མེད་པར་གང་ཟབ་བྱེད་པས་ཐུགས་ཀྱི་བཞེད་དགོངས་མ་ལུས་ལྷུན་གྱིས་གྲུབ་པའི་ཐུགས་སྨོན་བཅས།

བྲག་དབེན་དགོན་པའི་འདུས་སྡེ་སྤྱི་ནས།    ༢༠༡༧སྤྱི་ཟླ་༩་པའི་ཚེས་༢༠ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།