ཉང་ཧྲམ་ཕུན་ཚོགས་བསྟན་རྒྱས་གླིང་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-24 22:04:37][རྩོམ་པ་པོ། ཤེས་རབ་བཟོད་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506262164104334.jpg
1506262164135046.jpg

   སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་གསུང་འཕྲིན་བཞིན་སི་ཁྲོན་དང་ཡོན་ནན་གཉིས་ཀྱི་ས་མཚམས་སུ་ཡོད་པའི་འཇང་ཡུལ་ལམ་མཐའ་རུ་འཚོ་སྡོད་བྱས་པའི་དབྱི་སོག་འཇང་དང་ཕོའུ་མེའུ་བོད་རིགས་བཅས་ཀྱི་བོན་དད་པ་རྣམས་ཀྱིས་གཡུང་དྲུང་བོན་གྱི་འདུས་པ་ཕུན་ཚོགས་བསྟན་རྒྱས་གླིང་ནས། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་འཛམ་གླིང་བོན་འབངས་ཡོངས་ཀྱི་སྐྱབས་རྗེ་ཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་ནས་ཉིན་བདུན་གྱི་མཚམས་སུ་གདུང་མཆོད་ལ་ཚོགས་ནས།རྗེ་ཉིད་སྐུ་འཚོ་བཞུགས་སྐབས་སུ་གནང་བའི་པད་ཞུ་དང་རྨད་གོས་སོགས་དད་པའི་རྟེན། 

1506262164112687.jpg
1506262164129736.jpg

   སྐུ་པར་མཐོང་བ་རང་གྲོལ་གྱི་མདུན་དུ་བཞུགས་སུ་གསོལ་ནས་རྗེ་རིན་པོ་ཆེས་གསོལ་འདེབས་སྐུ་གསུམ་ལྷུན་འགྲུབ་དང་རྣམ་དག་འགྱུར་མེད།ཁྲི་འཛིན་སོ་གསུམ་པའི་གསོལ་འདེབས་བཅས་མྱང་འདས་སྐད་ཀྱི་དབྱངས་ལ་གྱེར་ནས་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་ནས་སེར་སྐྱ་མང་ཚོགས་ཀྱིས་མཇལ་ཁ་ཞུས།གསས་ཁང་མདུན་དུ་དད་ལྡན་མང་ཚོགས་རྣམས་ཀྱི་འབྱོར་བ་མང་ཉུང་ལ་མ་ལྟོས་པར་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྣམ་ལྔ་ཅི་ལྕོག་དང་སྣང་གསལ་མར་མེ་སྒྲོན་དེ་རྗེ་ཉིད་ཀྱི་གསོལ་འདེབས་བཏོན་ནས་མར་མེ་གླིང་བསྐོར་སོགས་བྱས། གཞན་མདོ་གཡུང་དྲུང་རྒྱས་དང་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་རྒྱ་ཆེར་བསྐོར་ཡོད་པ་བཞིན་དགོན་དེས་འགན་འཛིན་པ་གྲྭ་བསྐལ་བཟང་འོད་ཟེར་རམ་ལྭ་པད་མ། ལྭ་གཡུང་དྲུང་།ཤེས་རབ་ཚུལ་ཁྲིམས་དང་བློ་བཟང་རིན་ཆེན་སོགས་ནས་པར་དང་གནས་ཚུལ་བརྒྱུད་སྤྲོད་བྱས།

ཤེས་རབ་བཟོད་པ་ནས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།