ཞང་ངུ་གསས་གླིང་དགོན་དུ་དགོངས་རྫོགས་མཆོད་འབུལ།

[ཟླ་ཚེས། 2017-09-24 20:26:37][རྩོམ་པ་པོ། གསས་གླིང་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506256347198849.jpg
1506256347186973.jpg

དེ་ཡང་༢༠༡༧.༩.༡༤སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧དྲན་ཅན་རྩ་བའི་བླ་མ་རིན་པོ་ཆེ་མཆོག་འགྲོ་བའི་སྣང་ངོ་རེ་ཞིག་རྒྱ་གར་སྨན་རི་དགོན་བླ་བྲང་བྱིན་རླབས་གཟི་འབར་ཐོག་དགོངས་པ་བོན་དབྱིངས་སུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་བོན་སྐུ་རྒྱལ་སར་ཕེབས་པ་ཐོས་མ་ཐག་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་ལོ་གྲངས་བཅུ་གསུམ་ཙམ་འཚོ་མྱོང་བའི་ཕྲན་ཉིད་བརྗོད་མི་ཤེས་པའི་སེམས་ལ་སྐྱོ་གདུང་དང་མྱ་ངན་མིག་ཆུ་ཡང་ཡང་ལྷུང་བཞིན་ད་ནི་ང་ཚོ་གསེར་གྱི་ཉི་མ་ནུབ་སོང་ནུབ་སོང་བསམ་ཞིང་བསམ་ཞིང་།

1506256347954229.jpg
1506256347587082.jpg

   སེམས་པ་ལྷོད་ཙམ་ད་ནི་དགོས་ཡ་མཆོད་འབུལ་ཅི་འབྱོར་བྱེད་དགོས་པ་ལས་སྡུག་བསྔལ་བྱས་ན་ཅི་ཕན་སེམས་ཞིང་ངེད་ཞང་ངུ་ཚོ་བ་བཅོ་བརྒྱད་ལྷ་སྡེ་མི་སྡེ་དགོན་པ་རྣམས་ནས་གདུང་མཆོག་ཞུགས་ལ་འབུལ་ཚད་བར་དུ་དུས་ཁྱད་པར་ཅན་འདི་ལ་ཕྱག་དང་བསྐོར་ར་སྙིང་པོ་བཟླས་བརྗོད་བླ་མའི་གསོལ་འདེབས་མར་མེའི་མཆོད་པ་སོགས་ཆེ་འབྱོར་ཆུང་འབྱོར་རེ་རྒྱུན་མ་ཆད་པ་ད་ལྟའི་བྱེད་བཞིན་ཡོད་ལ།


1506256809745869.jpg

1506256347879354.jpg

སླད་མའི་ཆ་ཡང་ཚེ་རབས་ཀུན་ཏུ་མགོན་པོ་གང་གི་སྐྱབས་འོག་ཏུ་གྱུར་བའི་སྨོན་འདུན་དང་བཅས་དུང་རི་བ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་མི་ཕྱེད་དད་པའི་གསོལ་བ་འདེབས་བཞིན་པ་ལགས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།