ཁྱུང་པོ་སེར་ཚ་ཚྭ་ནེ་རི་ཁྲོད་ཀྱིས་རྒྱལ་བ་སྨན་རི་བའི་གདུང་མཆོད་ཞུས།

[ཟླ་ཚེས། 2017-09-24 20:06:46][རྩོམ་པ་པོ། ཚྭ་ནེ་རི་ཁྲོད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506254831125437.jpg

འགྲོ་བ་ལྷ་དང་བཅས་པའི་མཆོད་སྡོང་ཞྭ་དཀར་བསྟན་པའི་བདག་པོ་༧ སྐྱབས་རྗེ་རྒྱལ་བ་སྨན་རི་བ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོའི་གཟུགས་སྐུའི་བཀོད་པ་སྟོང་དབྱིངས་ཀུན་ཏུ་བཟང་པོའི་ཐུགས་ཀར་བསྡུས་པའི་གདུང་རྟེན་མཆོད་འབུལ་དུ།  འདི་ག་ཚྭ་ནེ་གཟུངས་སྒྲུབ་རི་ཁྲོད་དུ་མཚམས་བླ་དཀར་རིལ་མཆོག་གིས་ཐུགས་བཀོད་འོག   སྒྲུབ་གྲྭ་བ་རྣམས་དང་རི་སུལ་གྱི་སྒོམ་གྲྭ་བ།  གཞན་ཀློག་གྲྭའི་བྱིས་པ་ཐུན་མོང་གིས་རྗེ་བླ་མ་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ཉིན་དེའི་དགོང་མོར་ཚེ་དབང་སྨོན་ལམ་དང་བོན་སྐུ་སྨོན་ལམ་རྗེ་བླ་མའི་གསོལ་འདེབས་སོགས་མགྲིན་དབྱངས་གཅིག་སྒྱུར་གྱིས་མྱ་ངན་གདུང་མཆོད་ཞུས་པ་མ་ཟད།  བོད་ཟླ་བརྒྱད་པའི་གནམ་གང་ཉིན་བདེེར་གཤེགས་སྨོན་ལམ་མཐའ་ཡས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་དཀོན་མཆོག་རྒྱལ་བ་རྒྱས་པའི་མཆོད་པ་ཟབ་རྒྱས་སུ་བཏེག་པའོ།།

1506254831727882.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།