རྒྱལ་རོང་མཚོ་སྟེང་དགོན་པས་བདུན་ཕྲག་གཅིག་རིང་གདུང་མཆོད་ཞུས་པ།

[ཟླ་ཚེས། 2017-09-21 23:25:25][རྩོམ་པ་པོ། ས་ཁའི་བློ་ལྡན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170921231237.jpg

རྒྱལ་རོང་ཁྲོ་སྐྱབས་མཚོ་སྟེང་དགོན་པས་བདུན་ཕྲག་གཅིག་རིང་གདུང་མཆོད་ཀྱི་ཆོ་ག་མཛད་པ།

 微信图片_20170921231116.jpg微信图片_20170921232220.jpg

     དེ་ཡང་ལི་ཤུ་རིན་པོ་ཆེ་མཆོག་གི་འབོད་སྐུལ་དབུ་ཁྲིད་འོག གཡུང་དྲུང་བོན་གྱི་སྤྱི་ནོར་ཆེན་མོ། ཞྭ་དཀར་བསྟན་པའི་གཙུག་རྒྱན༧སྐྱབས་རྗེ༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་གཟུགས་སྐུ་ཞི་དབྱིངས་སུ་བདེ་བར་གཤེགས་པར་མྱ་ངན་གདུང་མཆོད་ཞུས་ནས་ཉིན་གྲངས་བདུན་ལོན་པ་དང་དུས་མཚུངས་སུ་རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོའི་གཞིས་དགོན་མཚོ་སྟེང་དགོན་པ་གཙོས་སྒེར་འབངས་རོང་འབྲོག་དང་བཅས་པས་ཕྱག་སྐོར་དགེ་སྒྲུབ་དང་གསོལ་འདེབས་སྨོན་ལམ་ཞུས་ཤིང་།

 微信图片_20170921231104.jpg

      མཁན་པོ་སྒོ་རིགས་ཤེས་རབ་གྲགས་པ་ལགས་གཙོས་ཚོགས་གཙོ་དམུ་བསྟན་འཛིན་དབང་གྲགས་དང་ཚོགས་གཞོན་ས་ཁའི་བློ་ལྡན་བཅས་ཀྱིས་དབུ་ཁྲིད་འོག་རྒྱལ་རོང་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ལྷན་རྒྱས་ནས་བདུན་ཕྲག་གཅིག་གི་རིང་ཁྲི་འཛིན་རིན་པོ་ཆེའི་སྐུ་པར་མཐོང་བ་རང་གྲོལ་གྱི་མདུན་ས་རུ་གང་གི་གསོལ་འདེབས་དང་བླ་མ་མཆོད་ཐབས། སྐྱེ་སྒོ་གཅོད་པ། བོན་སྐུའི་སྨོན་ལམ། ཚེ་དབང་སྨོན་ལམ། མཉམ་མེད་བླ་སྒྲུབ་སོགས་ཚོགས་མཆོད་རྒྱས་འབུལ་ཞུས་ཏེ་༧སྐྱབས་རྗེ་སྨན་རི་བའི་རླབས་ཆེན་གྱི་ཐུགས་དགོངས་མཐའ་དག་ཡོངས་སུ་རྫོགས་པའི་མཐུན་འགྱུར་སྨོན་ལམ་དང་འབྲེལ།

 微信图片_20170921231156.jpg

      འདི་གའི་སྐྱབས་འོག་ལྷ་འབངས་ཀྱི་ངོས་ནས་ཀྱང་མགོན་པོ་གང་གི་འཁྲུལ་མེད་རྒྱལ་ཐེབས་གསར་པའི་ཉི་གཞོན་ལེགས་པར་འཆར་བའི་སྐྱབས་འཇུག་ཞུ་གསོལ་འདེབས་རྒྱུ་དང་བཅས། རྒྱལ་རོང་ཁྲོ་སྐྱབས་མཚོ་སྟེང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གིས་གདུང་སེམས་ཆེན་པོས་སུག་བྲིས་སུ་བགྱིས་ཏེ་ཕུལ་བ་ལགས་སོ།། 2017-9-21

微信图片_20170921231123.jpg

微信图片_20170921231342.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།