ཁམས་ཉག་རོང་ཡེ་ཤེས་དགོན་ནས་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-09-21 23:00:24][རྩོམ་པ་པོ། ཉག་རོང་ཡེ་ཤེས་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506006072522922.jpg

1506006072158916.jpg


  ཞྭ་དཀར་བསྟན་པའི་གཙུག་རྒྱན༧་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་རེ་ཞིག་དགོངས་པ་བོན་དབྱིངས་སུ་གཤེགས་པའི་དུས་འདིར།    རྒྱལ་ཁབ་ཕྱི་ནང་གཉིས་ནས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་ཁག་གི་མྱ་ངན་ཞུ་ཡིག་དང་ཐུགས་གསོའི་གསུང་འཕྲིན་གནང་བ་དང་།     

1506006073401099.jpg

1506006073211501.jpg

   མ་ཟད་བོད་མདོ་དབུས་ཁམས་གསུམ་ནས་མྱ་ངན་རྗེས་དྲན་ཞུ་བཞིན་པའི་སྐབས་སུ་སྤྱི་ལོ་༢༠༡༧ /ཟླ་༩/ཚེས༡༩/༢༠/༢༡/ཉག་རོང་ཡེ་ཤེས་དགོན་པའི་དགོན་པ་སྤྱི་དང་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གཉིས་ཀྱི་གཙོས་སྡེ་འབངས་ཡོངས་ཀྱིས་དད་དམ་གཡོ་མེད་ངང་ནས་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་དགོངས་པ་བོན་དབྱིངས་སུ་བསྡུས་པའི་མྱ་ངན་གདུང་མཆོད་ཕུལ་བཞིན་པ་ལ།  ངེས་ལག་ཟུང་ཐལ་མོ་སྦྱར་ཏེ་བཀའ་དྲིན་སུམ་ལྡན་བླ་མ་མཆོག་གི་རེ་ཞིག་འདིར་སྣང་སྐུ་ཡི་བཀོད་པ་བསྡུས་ཀྱང་ཐུགས་དགོངས་ཟབ་མོས་བདག་སོགས་འགྲོ་ལ་ནམ་ཡང་འབྲལ་བ་མེད་པར་གཟིགས་སུ་གསོལ་ཞུ་བཞིན་ཡོད།།    

                       ༢༠༡༧//༢༡/ཉིན་ཉག་རོང་ཡེ་ཤེས་དགོན་ནས།

  1506006073294079.jpg

1506006073839851.jpg



  བོན་འབངས་ཡོངས་རྫོགས་ཀྱི་བླ་མ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གདུང་མཆོད་འབུལ་རིམ།   


དགོང་མོ་འཚོགས་ཁང་ཆེན་མོའི་མདུན་ནས་གཅན་ལྔས་བཏེགས་པའི་ཁྲི་ལ་བཞུགས་གསོལ་མཛད་ནས་མཆོད་པ་རྣམ་ལྔ་དང་དངོས་འབྱོར་གྱི་མཆོད་བཤམ་རྒྱ་ཆེར་གནང་སྟེ་བླ་གྲྭ་ཡོངས་ཀྱིས་མཚན་ལྡན་བླ་མའི་མཆོད་ཐབས་ནོར་བུ་འཕྲེང་བ་དང་རྗེ་བླ་མའི་གསོལ་འདེབས་སོགས་གྱེར་དབྱངས་སུ་མཆོད་དེ་སྐྱ་སེར་འདུས་པ་ཡོངས་ནས་ཚོགས་བསགས་སྒྲིབ་སྦྱོང་ལ་བརྩོན་བཞིན་པ།   

1506006072505795.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།