མེ་སྟོན་༧གདན་ས་མཐོང་གྲོལ་རི་ཁྲོད་དགོན་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-21 22:20:39][རྩོམ་པ་པོ། མཐོང་གྲོལ་རི་ཁྲོད་ལྔ་རིག་སློབ་གླིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1506003790127649.jpg

1506003792248508.jpg

  ༧སྤྱི་ནོར་སྐྱབས་མཆོག་བླ་མེད་དཔལ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པས། ཁྱུང་ཡུལ་མེ་སྟོན་༧གདན་ས་མཐོང་གྲོལ་རི་ཁྲོད་དགོན་གྱི་ཁྲི་འཛིན་༧ཡོན་ཏན་ཕུན་ཚོགས་རྒྱ་མཚོ་མཆོག་དང་དགོན་འདིའི་སློབ་དཔོན་བློ་གྲོས་རབ་གསལ་རྣམ་གཉིས་གཙོས་བཤད་སྒྲུབ་སྒོམ་གསུམ་འདུས་པ་རྒྱ་མཚོས་དམ་པ་ཉིད་ཀྱི་བཀའ་དྲིན་ཟབ་མོ་བསམ་ཤེས་འོག་ནས། ༧ རྗེ་སྨན་རི་བ་མཆོག་གི་འདས་མཆོད་ཞག་གསུམ་ཉིན་གདུང་མཆོད་ཆེད། མཉམ་མེད་བླ་མའི་ཚོགས་མཆོད་དང་། བསྟོད་པ་རྣམ་རྒྱལ་ཁང་བཟང་། སྨན་རི་བའི་གསོལ་འདེབས། ཚེ་དབང་སྨོན་ལམ། བོན་སྐུ་སྨོན་ལམ་སོགས་གསུངས་ཏེ་དངོས་འབྱོར་གྱི་མཆོད་པ་སྣ་ཚོགས་བཤམས་ནས། 

1506003792441118.jpg

1506003792102854.jpg

   ཕྱི་དྲོར་རྗེ་བླ་མ༧་སྨན་རིའི་ཁྲི་འཛིན་མཆོག་གི་ཞལ་ཚབ་ཀྱི་སྐུ་པར་བླ་སློབ་འདུས་པ་རྒྱ་མཚོ་ཡོངས་ཀྱིས་མཇལ་ཁ་ཞུས་ཏེ་འདུས་སྡེའི་གྲྭ་ཚང་ཡོངས་ནས་གདུང་སེམས་མཉམ་བསྐྱེད་འོག་གསོལ་སྨོན་བཏབ་ནས་དགེ་སྒྲུབ་སྡིག་སྤང་ཞུས་ཏེ་གྲུབ་པའི་གནས་ཚུལ། 

1506003793121229.jpg

མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་ལྔ་རིག་སློབ་གླིང་ནས།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།