ཁམས་བླ་ཁྲི་དགོན་ནས་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-09-20 22:40:37][རྩོམ་པ་པོ། བླ་ཁྲི་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 ཁམས་བླ་ཁྲི་གཡུང་དྲུང་ལྷ་སྟེང་དགོན་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་པའི་མྱ་ངན་གདུང་མཆོད་གནང་བ།

1505918506429930.jpg

1505918506110088.jpg

ཀྱེ་མ། གནམ་འོག་གི་བོན་འབངས་ཡོངས་ཀྱི་སྐྱབས་མགོན་དཔལ་ལྡན་དྲིན་ཆེན་རྩ་བའི་བླ་མ་ཞྭ་དཀར་བསྟན་པའི་དབུ་ཁྲིད་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་གདན་ས་སྨན་རིའི་བླ་བྲང་དུ་༢༠༡༧//༡༤ཕྱི་དྲོའི་ཆུ་ཚོད་༦དང་སྐར་མ་༢༥ཐོག་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཡ་ང་ཞིང་ཡིད་མུག་པའི་གནས་ཚུལ་ཐོས་ཕྲལ།   མགོན་པོ་གོང་གི་སྐྱབས་འོག་ཏུ་ཚུད་པའི་ངེད་ཅག་བླ་ཁྲི་དགོན་པའི་བླ་སློབ་རྣམས་ཀྱིས་ཀྱང་།    བོན་འབངས་སྐྱེ་རྒུ་ཡོངས་དང་ལྷན་དུ་བཟོད་མེད་གདུང་ཤུགས་ཀྱིས་སེམས་ཁམས་བརླན་ཏེ།   ཡིད་སྐྱོའི་སེམས་སྡུག་ངང་གནས་པ་དང་།   གདུང་ཤུགས་ངུ་ངག་གིས་རི་ཀླུང་བདལ་བའི་མྱ་ངན་ཞུ་བ་ནི།    ཀྱེ་མ།    སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རི་པོ་ཆེ་མཚན་བརྗོད་པ་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དགོངས་པ་བོན་དབྱིངས་སུ་གཟིམ་པའི་གཟིམ་ཤུལ་དུ་རང་ཅག་ལ་ལྟོས་ན་འཛམ་གླིང་གསལ་བའི་ཉི་མ་གཅིག་གཏན་ནས་མེད་སོང་བ་དང་འདྲ།  ངེད་ཅག་བོན་འབངས་ཡོད་དོ་ཅོག་གི་ཡབ་ཆེན་དམ་པ་ཁྱེད་འཇིག་རྟེན་འདི་ནས་ཁ་བྲལ་བའི་མྱ་ངན་སྨྲེ་ངག་དང་བཅས་ཏེ།   དམ་པ་གོང་གི་དགོངས་རྫོགས་ཞག་གསུམ་དང་བསྟུན་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་མཆོད་འབུལ་དང་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་བཅས་ཉིན་གསུམ་གྱི་རིང་ལ་མཆོད་འབུལ་ཞུས་དང་ཞུ་བཞིན་ཡོད།

1505918506376312.jpg

1505918507986159.jpg


   དགོང་མོ་ཆུ་ཚོད་བདུན་གྱི་སྟེང་ནས་བླ་ཁྲིའི་གྲྭ་ཚང་དང་། མངའ་འབངས་ལྷ་སྡེ་ཡོངས་ཀྱིས་གསོལ་འདེབས་གདུང་དབྱངས་སོགས་མཉམ་དུ་གྱེར་བཞིན་སྒོ་གསུམ་དགེ་ལ་གཞོལ་བའི་ངང་ནས་རྗེ་བླ་མའི་གདུང་མཆོད་ཀྱི་མཛད་སྒོ་སྤེལ་བའོ།།

གཞན་ཡང་ངེད་དགོན་པའི་ཁོངས་གཏོགས་ལྷ་སར་ཡོད་པའི་སྐུ་སྲས་རྒྱལ་བ་གཙོས་མི་རྣམས་ཀྱིས་ཀྱང་ཇོ་ཁང་མདུན་སྒྲོན་མེ་ཁྲི་མཆོད་དང་མཆོད་པ་ཅི་ཅོག་འབུལ་བའི་རྣམ་པའོ།།


༢༠༡༧//༡༩  ཉིན་བླ་ཁྲི༧དགོན་དཔལ་ཕུན་ཚོགས་རྣམ་རྒྱལ་ཀུན་གྲགས་གླིང་འདུས་སྤྱི་ནས་ཕུལ།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།