ཁྱུང་པོ་སྒང་རུ་དར་རྒྱས་དགོན་ནས་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-09-20 17:12:34][རྩོམ་པ་པོ། ཁྱུང་ལྔ་རིག་སློབ་གླིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བར་གདུང་མཆོད་སྨོན་ལམ་ཞུ་བཞིན་པ།

1505898825979962.jpg

1505898825540780.jpg


༧སྐྱབས་མཆོག་སྨན་རིའི་ཁྲི་འཛིན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་༢༠༡༧ལོའི་ཟླ་བ་༩པའི་ཚེས་༡༤ཉིན་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ གཏམ་ངན་དེ་ཐོས་མ་ཐག་ཤིན་ཏུ་ཡིད་སྐྱོ་བའི་ངང།   སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་དུ།  འདི་ལོའི་ཕྱི་ཟླ་༩པའི་ཚེས་༡༥ཉིན་གྱི་ཞོགས་པར།    འདི་གའི་དགོན་པའི་མཁན་རིན་པོ་ཆེས་བཀས་བཀོད་བཞིན།  བཤད་སྒྲུབ་སྒོམ་གསུམ་དང་ལྷ་སྡེ་ལྷན་ནས་མཆོད་འབུལ་གྱི་གྲབས་བྱས་ཤིང་། ཆུ་ཚོད་བཅུ་པའི་ཐོག་དགེ་སློབ་འདུས་གྲྭ་ལྷན་རྒྱས་ནས་བླ་མ་མཆོད་པ་དང་། ཚེ་དབང་སྨོན་ལམ།  མཉམ་མེད་བླ་སྒྲུབ་བཅས་   འདུས་སྡེའི་གྲྭ་ཚང་ཡོངས་རྫོགས་ནས་གསོལ་བ་སྨོན་ལམ་ཞུས་ཤིང་། གྲ་ཚང་འདུས་སྤྱི་ནས་ཁྲི་འཛིན་རིན་པོ་ཆེའི་དགུང་ཞག་ཞེ་དགུང་རིང་དཀར་ཟས་ཁོ་ནར་སྤྱོད་རྒྱུ་དང་།  དགེ་སྒྲུབ་སྡིག་སྤང་གི་བྱ་བར་རོལ་བའི་དམ་བཅའ་གནང་།

1505898825191448.jpg

1505898826170104.jpg

   འདི་ཟླའི་ཚེས་༡༧གྱི་དགོང་མོར་བླ་སློབ་ལྷ་སྡེ་སེར་སྐྱ་ཡོངས་མཉམ་འཛོམ་ཐོག།    ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་དུ་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གི་ཞལ་སྐྱིན་སྐུ་པར་རིན་པོ་ཆེའི་མདུན་དུ། མཚན་མ་རྫས་ཀྱི་མཆོད་པ་རྣམ་ལྔ་དང་རྣམ་བརྒྱད་རྟགས་བརྒྱད་ནོར་བདུན་ཤིང་ཐོག་སྤྱན་གཟིགས་ཇ་ཆང་མངར་ཆུ་ལ་སོགས་རྒྱས་པ་དངོས་སུ་བཤམས་ལ་བདེན་སྨོན་རྣམ་གསུམ་དང་ཚེ་དབང་སྨོན་ལམ་གསུང་ཞིང་མཐར་མཚན་མོ་ཆུ་ཚོད་བཅུ་ཡས་མས་སུ་སྐུ་པར་མཇལ་ཁ་དང་། གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་དང་བཅས་གྲུབ་པའི་གནས་ཚུལ་དུ།   

1505898825128867.jpg

1505898825284999.jpg

ཁྱུང་ལྔ་རིག་སློབ་གླིང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།