གདན་ས་གཙང་སྨན་རི་ནས་གདུང་མཆོད་ཞུ་བ།

[ཟླ་ཚེས། 2017-09-20 13:02:24][རྩོམ་པ་པོ། གཟི་རྩའི་སྤྲུལ་སྐུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1505884504811493.jpg

1505884504471929.jpg

 ༄།། གདན་ས་སྨན་རི་གཙོས་པའི་རང་ཅག་བོན་འབངས་ཡོངས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་རྒྱལ་བ་གཉིས་པའི་རྒྱལ་ཚབ ༧ སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་དགོངས་པ་བོན་དབྱིངས་སུ་གཟིམ་པས་༧ སྟོང་གསུམ་གྱི་ལྷ་སྐལ་རྗེ་མཉམ་མེད་ཆེན་པོའི་གསེར་གདུང་གི་མདུན་དུ། དཔོན་སློབ་བསྟན་འཛིན་ཕུན་ཚོགས་ཀྱི་ཞལ་གསུང་བཞིན།   

   བོད་ཟླ་བདུན་པའི་ཚེས་ཉིས་ཤུ་ལྔ་ནས་བཟུང་། གྲྭ་ཚང་འདུས་སྤྱི་ནས་བླ་མ་མཆོད་པ། གསོལ་འདེབས་སྐུ་གསུམ་ལྷུན་གྲུབ། གསོལ་འདེབས་མྱུར་གཟིགས་མ།མཁན་རིན་པོ་ཆེའི་གསོལ་འདེབས། ཨ་སྙན་རྫོགས་གསུམ་གྱི་གསོལ་འདེབས་སོགས་ཚོགས་འདོན། ཞི་ཁྲོ་ཁྲི་མཆོད། མཉམ་མེད་བླ་སྒྲུབ་གྱི་ཚོགས་དང།

1505884504853406.jpg

 བོད་ཟླ་བརྒྱད་པའི་ཚེས་གཅིག་ནས་མཉམ་མེད་བླ་སྒྲུབ་འབུམ་ཚོགས། སྨྲ་སེང་འབུམ་ཚོགས་བཅས་མཆོད་སྤྲིན་རྒྱ་ཆེར་འབུལ་བ་ལ་དཔོན་སློབ་གཙོས་པའི་གཙང་སྨན་རི་བའི་དགེ་འདུན་པ་ཡོངས་ཀྱིས།དད་འདུན་དྲག་པོའི་ངང་ནས་མཆོད་སྤྲིན་འབུལ་བ་ལགས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།