རིན་པོ་ཆེའི་འཁྲུངས་གཞིས་ནས་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-20 10:44:04][རྩོམ་པ་པོ། ཤར་སྐྱང་ཚང་དགོན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་གཞིས་དགོན་ཤར་སྐྱང་ཚང་དགོན་ནས་དགོངས་རྫོགས་ཀྱི་གདུང་མཆོད་འཚོགས་པ།

1505875991130734.jpg

1505875990421281.jpg

1505875990103870.jpg

   སྤྱིར་གདུལ་བྱ་འགྲོ་བ་ཡོངས་དང་སྒོས་གཞིས་བྱེས་བོན་འབངས་ཡོངས་ཀྱི་བསོད་ནམས་ཀྱིས་མ་ཐེག་པས། སྤྱི་ལོ་༢༠༡༧ཟླ་༩ཚེས་༡༤ཧོར་ཟླ་༧པའི་ཚེས་༢༤གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོར་དེ་ཀའི་དུས་ཚོད་དྲུག་དང་སྐར་མ་༢༥སྟེང་སྙིགས་དུས་བསྐལ་ཁུགས་སུ་དུས་ཀྱི་སྒྲོན་མེ་ཉག་གཅིག་སྟེ། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་དམ་པ་༧དཔལ་སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་འདི་སྣང་སྒྱུ་མའི་རོལ་བ་ཐམས་ཅད་བསྡུས་ནས་ཀ་དག་བོན་སྐུའི་རྒྱལ་ས་བརྙེས་སོང་བའི་གནས་ཚུལ་སྐད་འཕྲིན་བརྒྱུད་ནས་བྱུང་། སངས་རྒྱས་མི་ཡི་རྣམ་པར་སྤྲུལ་ནས་དོན་དུ་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་མི་རྟག་དང་ངེས་འབྱུང་བསྐུལ་བའི་དོན་དུ་ཡིན་པས་ཡིད་སྐྱོ་བ་མི་དགོས་ཀྱང་མ་རྟོགས་སེམས་ཅན་དག་གི་བློ་ངོར་སྣང་ཚུལ་མི་བདེ་ནི་ཅིས་ཀྱང་འབྱུང་ངེས་སུ་གྱུར།

1505875990489271.jpg

1505875990242742.jpg

   དེ་བས་དཔལ་གཤེན་བསྟན་སྐྱང་དགོན་ཕུན་ཚོགས་དར་རྒྱས་གླིང་གི་གྲྭ་ཚང་ཡོངས་རྫོགས་སྡུག་གི་མིག་ཆུ་འཐོར་བཞིན་ཚོགས་ཁང་གསར་བའི་ནང་དུ་སྐུ་པར་མཐོང་བ་རང་གྲོལ་གསེར་ཁྲི་ཆེན་མོར་བཞུགས་སུ་གསོལ་ཏེ། མདུན་དུ་མཆོད་བཤམས་ལེགས་པར་བྱས་ཤིང་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་གཞུང་བསྲངས་ནས་བདེ་བར་གཤེགས་པ་སྟོང་གི་མཚན་བརྗོད་པར་བྱས། ལོ་གསུམ་བཅད་རྒྱར་བཞུགས་པའི་སྒྲུབ་གྲྭ་བ་ཚོས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་གསུངས། 

1505875990108883.jpg

1505875990986761.jpg

   སྤྱི་ཚེས་༡༥དང་༡༦གཉིས་སུ་དེ་ལྟར་གྱི་ཚོགས་བསགས་བྱས་ཏེ་བླ་མའི་ཐུགས་དམ་མཉེས་པར་བྱས། ཁ་རྩང་སྟེ་སྤྱི་ཚེས་༡༦ཉིན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་དགོན་འདིར་ཆིབས་བསྒྱུར་གནང་སྟེ་ཁོང་རྣམ་པ་ཚོས་བཤད་སྒྲུབ་འདུས་སྡེའི་ཚོགས་ཁང་དུ་རྗེ་མཉམ་མེད་བླ་མའི་སྒྲུབ་པ་གསུངས། ཟིང་ཆུའི་དགོན་ཁག་ལྔའི་གྲྭ་བ་གཉིས་བརྒྱ་ལྷག་འདུས་ནས་མདོ་གཡུང་དྲུང་ཀློང་རྒྱས་དང་བདེ་བ་གཤེགས་པ་སྟོང་གི་མཚན་བསྒྲགས། དུས་ཚོད་༡༠ཐོག་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་དག་དང་གྲྭ་ཚང་ཡོངས་ནས་བླ་མ་མཆོད་པ་ཕུལ། 

1505875990110862.jpg

1505875990780424.jpg

   དགོང་མོར་གསས་ཁང་ཕྱི་རོལ་ན་སྐུ་པར་མཐོང་བ་རང་གྲོལ་མདུན་དུ་མཆོད་པ་རྣམ་ལྔ་བཤམས་ཤིང་གྲྭ་མང་དང་ལྷ་སྡེ་ཡོངས་ནས་མགོན་པོ་གང་གི་གསོལ་འདེབས་དབྱངས་སུ་གྱེར་ཏེ་ཕྱག་སྐོར་དང་མཆོད་འབུལ་རྒྱ་ཆེ་བྱས། དེ་ནས་གདུང་མདུན་དུ་མྱ་ངན་དང་གདུང་མཆོད་ཚུལ་དུ་དགོན་པ་སོ་སོར་ནས་དམངས་སྒོར་༼དགའ་མལ་དགོན་ཆེན་ནས་༡༠༠༠༠༽༼དགའ་མལ་དགོན་ནས་༥༠༠༠༽. ༼སྣང་ཞིག་དགོན་ནས༥༠༠༠༽. ༼རིན་སྤུངས་དགོན་ནས་༥༠༠༠༽༼ལྕགས་མདུད་དགོན་ནས་༥༠༠༠༽. ༼སྐྱིད་འཛོམ་དགོན་ནས༢༠༠༠༽. ༼གཙོ་ཚང་དགོན་ནས་༢༠༠༠༽་ཕུལ་ཡོད།. ད་དུང་མུ་མཐུད་དེ་གདུང་མཆོད་སྨོན་ལམ་ཞུ་རྩིས་ཡོད་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་འདི་ནི་ཤར་སྐྱང་ཚང་དགོན་པ་ནས་སྤེལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།