ཤར་བ་གཙོ་ཚང་དགོན་ནས་གདུང་མཆོད་འཚོགས་པ།

[ཟླ་ཚེས། 2017-09-20 10:01:02][རྩོམ་པ་པོ། ][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


1505873547384661.jpg

   དེ་ཡང་མདོ་སྨད་འཕགས་པ་རྣམ་གསུམ་གྱི་ནང་གསེས་གཙོ་འཕགས་ཟླ་བ་རྒྱལ་མཚན་གྱི་གདན་ས་ཟིང་ཆུ་རྫོང་གཙོ་ཚང་དགོན་སྨིན་གྲོལ་བསྟན་རྒྱས་གླིང་ནས་ ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་ ༧ མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་སྐུ་གཤེགས་པའི་གདུང་མཆོད་འཚོགས་པ་སྟེ།

1505873547684420.jpg

 གཙོ་ཚང་དགོན་པའི་སྐྱ་སེར་ཡོངས་དང་ཁྱད་པར་དུ་དགའ་མལ་དགོན་ཆེན་གྱི་མཁན་ཆེན་རིན་པོ་ཆེ་གཙོས་པའི་རིན་སྤུངས་དགོན་པའི་བླ་གྲྭ་ཡོངས་ཆེད་ཕེབས་གནང་སྟེ་གཙོ་ཚང་དགོན་པའི་འཚོགས་ཁང་ནས་ཀུན་བཟང་བླ་མའི་མཆོད་པའི་སྒོ་ནས་ཕྱི་ནང་གསང་བའི་མཆོད་སྤྲིན་ཕུལ་ཏེ་དགོངས་རྫོགས་འཚོགས་པ་དང་དད་ལྡན་མང་ཚོགས་ནས་དགོན་པའི་འཁྱམས་རའི་ནང་ནས་མར་མེ་མཆོད་པ་ཕུལ་བ་དང་སྐྱབས་རྗེ་མཆོག་གི་གསོལ་འདེབས་དང་མ་ཏྲི་འདོན་དབྱངས་གནང་བ་དང་སྐོར་བ་སོགས་མཛད་དེ་གདུང་མཆོད་ཕུལ་བ་མཛད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།