ཁམས་བྲག་འགོ་རྒྱལ་རོང་དགོན་ནས་༧རྗེ་སྨན་རི་བར་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-19 15:02:38][རྩོམ་པ་པོ། ཁྱུང་བཙུན་གངས་ལྷ་དཀར་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170919145417.jpg

ཁ་བ་གངས་ཅན་པའི་བླ་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བདག་པོ་༧དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༣པ་སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཞི་བདེའི་ཆེད་དུ་རླབས་ཆེན་གྱི་མཛད་ཕྲིན་བསྐྱངས་ནས་དགུང་གྲངས་༩༠ཐམ་པ་ཕེབས་ལ་ཉེ་བའི་སྐབས། སྤྱི་ལོ་༢༠༡༧ཟླ་༩ཚེས་༡༤དང་ཧོར་ཟླ་༧ཚེས་༢༤རེས་གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོའི་རྒྱ་གར་ཆུ་ཚོད་དྲུག་དང་སྐར་མ་༢༥ཐོག་ཞིང་ཁམས་གཞན་དུ་གཤེགས་པའི་གཏམ་ངན་ཐོས་ཕྲལ། ངེད་དགེ་སློབ་ཡོངས་རྫོགས་སྡུག་བསྔལ་གྱི་མུན་པ་ཆེན་པོའི་ཀློང་དུ་དངོས་སུ་ཚུད་སོང་།

微信图片_20170919145405.jpg 

དེ་ནས་དགོན་འདིའི་བསྟན་བདག་མཆོག་སྤྲུལ་འཆི་མེད་གཡུང་དྲུང་རིན་པོ་ཆེ་མཆོག་ལ་གང་དགོས་བཀའ་འདྲི་ཞུས་པས། སྤྲུལ་སྐུ་རིན་པོ་ཆེ་མཆོག་ནས་དེ་རིང་ནས་བཟུང་ཉིན་གསུམ་གྱི་རིང་ལ་རྒྱལ་རོང་དགོན་པའི་ནང་དུ་གྲྭ་པ་རྣམས་ཀྱི་སྨོན་ལམ་མཐའ་ཡས་གསུང་རྒྱུ། བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་དུ་དགེ་མ་དག་གིས་ཉིན་མོར་མཉམ་མེད་བླ་སྒྲུབ་དང་། དྲན་པའི་ཚོགས་འཁོར་བསྐོར།  དགོང་མོར་རྫོགས་ཆེན་སྒྲོན་མ་དྲུག མ་རྒྱུད་དགོངས་སྤྱོད་རྣམ་གསུམ། ཤར་རྫ་རིན་པོ་ཆེས་མཛད་པའི་གཅོད།  ཁྲི་འཛིན་མཆོག་གི་གསོལ་འདེབས། གཞན་སྨོན་ལམ་གང་འགབ་གསུང་དགོས་ཤིང་། 

 微信图片_20170919145411.jpg9999.png

ལྷ་སྡེ་མི་དམངས་དག་གིས་དགུང་ཞགས་བཞི་བཅུ་ཞེ་དགུའི་ཡུན་ལ་ལུས་ཀྱི་སྒོ་ནས་བསྐོར་བ་དང་ལྷ་ཕྱག་འཚལ། ངག་གི་སྒོ་ནས་སྙིང་པོ་རྣམ་གསུམ་འདོན། ཡིད་ཀྱི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་སོགས་བསྒོམ། སྤྱི་ཚེས་༡༦དགོང་མོར་དགོན་འདིའི་སྐྱ་སེར་ཐམས་ཅད་པོས་རྒྱལ་བ་སྨན་རི་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཇལ་ཁ་ཞུ་རྒྱུ་བཅས། མདོར་ན་སྒོ་གསུམ་དགེ་བ་དང་མ་བྲལ་བ་བྱེད་དགོས་གསུངས་སོང་བས། འབྲེལ་ཡོད་དད་ལྡན་ཡོད་ཚད་པོས་སེམས་ལ་འཛིན་རོགས་ཞེས་ཞུ་བ་ལན་བརྒྱར་འབུལ་བ་ལགས་སོ།། 

3333.png222.png

ཁམས་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་ནས། མགོན་པོ་མཆོག་གི་སྐྱབས་འོག་པ་ཁྱུང་བཙུན་གངས་ལྷ་དཀར་པོས་ཕུལ། ༢༠༡༧/༩/༡༦

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།