མཛོད་དགེ་བབ་བཟོ་མདའ་ཆེན་དགོན་ནས་༧རྗེ་སྨན་རི་བར་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-09-19 10:41:34][རྩོམ་པ་པོ། བབ་བཟོ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20170918234218.jpg

བབ་བཟོ་མདའ་ཆེན་དགོན་ནས་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བར་གདུང་མཆོད་སྨོན་ལམ་ཞུ་བཞིན་པ།

གཡུང་དྲུང་བོནད་ཏུ་བྱོན་པའི་སྐྱེ་བོ་ཁྱེད།།

བཀའ་དྲིན་གསུམ་ལྡན་ངང་ནས་དགོན་སྡེ་བསྐྱངས།།

བསྟན་པ་འཛིན་སྐྱོང་སྤེལ་བའི་སྨན་རི་བ།།

ལུང་རྟོགས་བསྟན་པའི་ཉི་མར་གུས་པས་འདུད།།

 微信图片_20170919102613.jpg微信图片_20170918234125.jpg

དེ་ཡང་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་བོ་མཆོག་སྐུ་མི་རྟག་ཚུལ་བསྟན་དགོངས་པ་བོན་དབྱིངས་སུ་ཐིམ་པ་ལགས་ན། འདི་ཡང་རང་རེའི་ཁ་བ་གངས་ཅན་པའི་བསྟན་པའི་ཀ་ཆེན་ཞིག་བགྱེལ་བ་དང་བསྟན་པའི་སྒྲོན་མེ་ཞིག་གཟིམས་པར་ངོ་ཤེས་ནས་དད་ལྡན་བོན་འབངས་ཡོངས་ནས་རྣམ་དཀར་དགེ་བའི་ལས་ལ་བརྩོན་པ་ལགས་ན། ངེད་ཅག་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་ནང་ཚན་༧དཔལ་སྐྱང་སྤྲུལ་རྒྱལ་བའི་གདན་ས་བབ་བཟོ་མདའ་ཆེན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་དུ། སྐྱབས་རྗེ་སྐྱང་སྤྲུལ་ཤེས་རབ་བློ་གསལ་རིན་པོ་ཆེ་ལགས་དང་དད་ལྡན་དགེ་ལས་ཚོགས་པའི་སེར་སྐྱ་ཡོངས་དང་། ད་དུང་རྣམ་དཀར་འགྲོ་ཕན་ཚོགས་པའི་སེར་སྐྱ་ཡོངས་ཀྱིས་གཙོས་པའི་ཕ་ཡུལ་འཕན་ཆུའི་དགེ་འདུན་བླ་གྲྭ་ཡོངས། དད་ལྡན་སེར་སྐྱ་རྣམས་ཀྱིས་སྤྱིར་མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་དང་ནང་དགོས་རང་རང་གིས་སྔར་བྱས་སྡིག་པ་བཤགས་ནས་བདེ་བར་གཤེགས་པའི་ས་མྱུར་དུ་ཐོབ་ཆེད་དུ། ༢༠༡༧ཟླ་༩ཚེས་༡༧གྱི་མཚན་མོར་སྐྱབས་རྗེ་སྨན་རི་བ་མཆོག་གི་སྐུ་པར་གྱི་མདུན་ནས་སྐུ་གསུང་ཐུགས་རྟེན་གྱི་མཆོད་པ་བཤམས་ནས་མཆོད་པ་རྣམ་ལྔ་སོགས་ཕུལ་བ་དང་། ད་དུང་ཉིན་དང་པོ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་མཚན་བརྗོད་པ་དང་།  ཉིན་གཉིས་པར་གངས་ཅན་འགྲོ་བའི་མགོན་པོ་ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རྒྱལ་མཚན་གྱི་བླ་སྒྲུབ་ཚོགས་འཁོར་དང་བཅས་ཡོངས་སུ་ཕུལ་བ། ད་དུང་ཉིན་དུ་མ་ཞིག་ལ་ཆོ་ག་སྣ་ཚོགས་ཤིག་འབུལ་བཀོད་ཡོད་པ་ལགས་སོ།།

 微信图片_20170919102607.jpg微信图片_20170918234150.jpg

རྣམ་དཀར་དགེ་བ་ལ་བརྩོན་པའི་དད་ལྡན་བབ་བཟོའི་ཡུལ་མི་རྣམས་ཀྱིས་དུས་སྐབས་འདི་དང་བསྟུན་ནས་མེ་ཏོག་ཆུང་རུང་ལྷ་རྫས་ཀྱི་དཔེ་བཞིན་མ་ཏྲི་དང་སྲོག་བླུ་སོགས་ཁས་ལེན་ཚིག་བརྩི་བྱས་པའི་རིམ་པ་ནི། རྟ་ནོར་དང་ཉ་སོགས་ཚེ་ཐར་༣༥༨དང་ལོ་གཅིག་གི་ནང་ཤ་མི་ཟ་མཁན་གྱི་རིགས་དང་།   སྒོར་མོ་༣༠༦༨༠ མཆོད་མེ་འབྲི་མར་དག་མའི་མར་རྒྱ་མ་༨༢༤.༢  ཆུར་བ་རྒྱ་མ་༢༢༨.༣  རྩམ་པ་རྒྱ་མ་༡༠༨༩  ཕྱག་དང་སྐོར་བ་རྒྱག་མཁན་དང་མ་ཏྲི་སོགས་ཁས་ལེན་བྱེད་མཁན་སོགས་གྲངས་སུ་བརྗོད་མི་ཐུབ་པ་ཞིག་ཡོད་པ་ལགས་སོ།།

 微信图片_20170919102618.jpg微信图片_20170919102628.jpg

ད་དུང་འདི་ག་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་གླིང་གིས་གཙོས་པའི་དགོན་ཁག་སོ་སོར་འདོན་ཡོན་དང་སྐྱབས་རྟེན་སོགས་ཞུས་པའི་གོ་རིམ་ནི་འདྲ་པར་སོགས་སུ་གསལ་བའོ།། དེ་ཡང་༧སྐྱབས་རྗེ་སྨན་རི་བ་མཆོག་གི་ཞབས་རྟེན་དུ་ཕུལ་བའི་དགེ་རྩ་གང་ཡོད་པ་དེས་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་སྨོན་ལམ་དང་བཅས་གང་གི་སློབ་འབངས་སུ་གྱུར་བ་བབ་བཟོ་བས་བྲིས་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།