གལ་ཆེན་གསལ་བརྡ།

[ཟླ་ཚེས། 2017-03-22 23:44:18][རྩོམ་པ་པོ། དཔེ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

G3.jpg

    མདོ་སྨད་ཀྱི་འདུས་སྡེ་ཆེན་མོ་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེར་ལོ་བསྟར་རྒྱུ་འབྱོར་གཏོང་ཕོད་ཅན་ཚོང་དཔོན་མཐའ་བ་ཉི་མ་བྱམས་ལགས་ནས། འདི་ག་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཀློག་ཀླད་སྡེ་ཚན་ནས་གཏགས་སྒྲིག་ཞུས་པའི་༧མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་དཔེ་གཞུང་འདི་ཉིད་ཚར་གྲངས་གསུམ་སྟོང་ཐམ་པ་དཔར་སྐྲུན་མཛད་དེ། རྩ་བའི་གྲྭ་ས་སྟེ་བོན་གྱི་གདན་ས་ཁག་གཙོས་མདོ་སྟོད་སྨད་གང་སའི་བཤད་སྒྲུབ་སློབ་གླིང་རིགས་ཀྱི་མཁན་པོ་དང་དཔོན་སློབ། དགེ་རྒན་དང་དགེ་བཤེས། དངོས་ཡོད་སློབ་གཉེར་བཅས་ལ་ཚར་རེར་དཔེ་སྦྱིན་གནང་རྒྱུ་ཡིན་པས། དེ་ལུགས་འབྲེལ་ཡོད་བཤད་སྡེའི་ལས་བྱེད་སུ་རུང་ནས་ཚར་གྲངས་ག་ཚད་དགོས་མིན་དང་། བསྐུར་སའི་ཁ་བྱང་རྒྱ་ཡིག་ཏུ་ཕབ་ཏེ་གསལ་པོ་རེར་བསྐུར་ཐབས་ཞུ། འབྲེལ་ཡོད་ནས་དཔེ་ཆ་ག་ཚད་དགོས་མིན་གྱི་གྲངས་རྩིས་ངེས་གཏན་ཡོད་པ་ལས་ཐེ་བའམ་ལྷག་མ་མི་ལེན་རྒྱུ་རེ་བ་ཆེ། དེའི་མ་ཚད་འབུལ་ཡུལ་རྣམས་པས་ཡང་ཕར་ཚུར་སྒོར་མོ་ཞིག་ལ་བརྗེ་བར་མི་གནང་ནས། བསྟན་པའི་ཡོན་བདག་ཁོང་གིས་ཅི་ལྟར་གསོལ་བར་བཏབ་པ་བཞིན་བསྔོ་སྨོན་རྣམ་དག་རེར་མཁྱེན་བརྩེ་ཀློང་ནས་མི་འདོར་རྒྱུ་བཀའ་དྲིན་ཆེ། དཔེ་ཆ་ག་ཚོད་དགོས་མིན་གྱི་གྲངས་ཐོ་དང་། བསྐུར་སའི་ཁ་བྱང་གཉིས་ཡིག་ཟམ་QQ:1336532293@qq.com འདིའི་སྟེང་མགྱོགས་པོ་སོ་སོར་ནས་བསྐུར་ཐབས་ཞུ།

འབྲེལ་བ་གནང་ཡུལ་གྱི་ཁ་པར།
མཁའ་ཡགས་བསྟན་འཛིན་རྣམ་རྒྱལ། ༡༨༡༨༠༣༧༩༢༣༤
བསོད་ནམས་དབང་སྡུད། ༡༨༧༢༨༢༡༢༣༠༦

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།