སྣང་ཞིག་སྐྱབས་མགོན་རིན་པོ་ཆེས་བཀའ་དབང་གནང་བ།

[ཟླ་ཚེས། 2016-10-20 18:14:35][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། གདོང་སྐལ་བཟང་འཕྲིན་སྟེགས།][ཀློག་གྲངས། ]

མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧སྣང་ཞིག་དགོན་ཆེན་དུ་༧སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེས་བཀའ་དབང་གནང་བའི་གནས་ཚུལ་གནད་བསྡུས།
01.jpg
02.jpg
03.jpg

 དེ་ཡང་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧ སྣང་ཞིག་དགོན་ཆེན་གྱི་གྲྭ་ཚང་འདུས་སྤྱི་ནས་སྤྱིར་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་དང་སྒོས་སུ་རང་རེའི་བོན་འབངས་ཡོངས་ལ་ནད་མེད་ཚེ་རིང་ཁ་དགེ་བཀྲ་ཤིས་ཡོང་བའི་ཆེད་དུ་༧སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མཆོག་གཙོས་པའི་སྣང་ཞིག་དགོན་ཆེན་གྱི་བླ་སྤྲུལ་འདུས་པ་རྒྱ་མཚོས་ཡི་དམ་དབལ་ཕུར་གྱི་གཞུང་དང་སྐྱེ་སྒོ་གཅོད་པ་ལན་ཆགས་སྦྱང་འཇལ་སོགས་ཀྱི་གཞུང་བསྲངས་ཏེ་ཉིན་བཅུའི་རིང་ལ་སྒྲུབ་པ་དང་། 

04.jpg
05.jpg
10.jpg

    དེ་ནས་དེ་རིང་སྟེ་2016/10/20 ཉིན་༧སྣང་ཞིག་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གི་གཙོས་པའི་ནང་ཆེན་ཆེ་ཁག་རྣམས་ཀྱིས་དད་ལྡན་སྐྱ་སེར་ཡོངས་ལ་དབལ་ཕུར་སོགས་ཀྱི་བཀའ་དབང་གནང་བའི་རྣམ་པ་འགའ་དྲྭ་གྲོགས་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་ལགས།

12.jpg
15.jpg
16.jpg

   དེ་ཕྱིར་བླ་མ་ཉི་མ་འདྲ་བོའི་སྐྱབས་འོག་ཏུ་འཚོ་ཞིང་གདམས་ངག་གསེར་དངུལ་ལྟ་བུའི་སྙིང་བཅུད་ལ་རེགས་མྱངས་བའི་འགྲོ་བ་དག་ལ་དད་པའི་རྟེན་དུ་ཕུལ་བའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།