ཀུན་གཟིགས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གདན་ས་སྨན་རིར་ཕེབས་པ།

[ཟླ་ཚེས། 2016-09-10 19:00:38][རྩོམ་པ་པོ། ཀུན་བཟང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀུན་གཟིགས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧གཙང་བཀྲ་ཤིས་སྨན་རི་གླིང་དུ་གཟིགས་རྟོག་གནང་བར་ཕེབས་པ།
02.jpg
11.jpg

༧ སྤྱི་ཟླ་དགུ་པའི་ཚེས་བཅུའི་ཉིན་ཏེ་ཉིན་བཟང་སྐར་བཟང་གི་ཉིན་མོ་ལ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཨེར་ཏི་ནི་རྗེ་བཙུན་བློ་བཟང་བྱམས་པ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོའི།ཐུགས་རྗེས་བྱམས་སྐྱོང་ངང་ནས། གཞིས་རྩེ་གྲོང་ཁྱེར། རྣམ་གླིང་རྫོང་བཅས་ཀྱིས་བཀོད་འདོམས་འོག་ཏུ། བོན་གྱི་རྩ་བའི་གདན་ས་གཙང་བཀྲ་ཤིས་སྨན་རིའི་དགོན་དུ་དུས་ཚོད་དགུ་དང་ཕྱེད་ཀྱི་ཐོག་བྱོན་པར་གནང་ནས།

03.jpg

   སྨན་རི་དཔོན་སློབ་བསྟན་འཛིན་ཕུན་ཚོགས་དབུས་བའི་བླ་མ་རིན་ཆེན་བློ་གྲོས་དང་། ཀྲུའུ་རེན་ཉི་ཆུང་། མཁར་སྣའི་དགེ་སློང་བཅས་གྲྭ་མང་ཡོངས་ཀྱིས་དགའ་སྤྲོས་ངང་རྔ་གཤང་དུང་གླེང་སྤོས་ངེད་དྲི་བཟང་གིས་སྣེ་དྲངས་ཏེ།བོན་གྱི་འདུལ་ཁང་ཆེན་མོ་རུ་ཕེབས་བསུ་ཟབ་རྒྱས་ཞུ་ནས།

07.jpg

   པཎ་ཆེན་རིན་པོ་ཆེ་མཆོག་གདོང་ལྔས་བཏེགས་པའི་ཁྲི་ལ་མངའ་གསོལ་མཛད་ཅིང་། མཆོད་པ་རྣམ་ལྔ་སོགས་འབུལ་བ་གྱ་ནོམ་པ་བཏེགས་ཤིང་། གྲྭ་མང་ལ་མང་ཇ་མང་འགྱེད་བཅས།མཛད་སྒོ་རྒྱ་ཆེར་སྤེལ།

09.jpg

   གཞན་ཡང་རྒྱལ་བ་གཉིས་པའི་སྐུ་གདུང་མཐོང་གྲོལ་ཆེན་མོར་མཆོད་འཇལ་སོགས་དགོན་པ་སྤྱི་ལ་གཟིགས་ཞིབ་གནང་བ་དང་ཆབས་གཅིག་ཏུ།

06.jpg
08.jpg

   བོད་རང་སྐྱོང་ལྗོངས་ཀྲུའུ་ཞིའི་སྐུ་གཞོན།རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་ཨུད་ལྷན་ཏང་མཛོད་ཧྲུའུ་ཅི་སྐལ་བཟང་ཚེ་རིང་། ལྗོངས་སྲིད་གྲོས་ཀྲུའུ་ཞིའི་སྐུ་གཞོན་བློ་བཟང་འགྱུར་མེད། གྲོང་ཁྱེར་ཧྲུའུ་ཅི་དྲང་ཡན་ཆེན། རྫོང་ཧྲུའུ་ཅི་སོགས་དབུ་ཁྲིད་རྣམས་དང་སྨན་སློབ་བསྟན་འཛིན་ཕུན་ཚོགས་མཆོག བླ་རྒན་རིན་པོ་ཆེ་གཉིས་ཀྱིས་ཕེབས་རོགས་འོག་གཟིགས་ཞིབ་ལེགས་པར་གནང་ཚར་རྗེས་གྲྭ་མང་ལྷན་རྒྱས་ནས་བཀྲ་ཤིས་བདེ་ལེགས་ངང་རྔ་གཤང་དུང་གླེང་སྒྲ་ཡིས་སྐྱེལ་མ་མཛད་པའོ། །

གཙང་བཀྲ་ཤིས་སྨན་རིའི་གླིང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།