རྩོམ་བསྡུའི་གསལ་བརྡ།

[ཟླ་ཚེས། 2016-06-15 11:28:27][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

000.jpg

  བོན་གྱི་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་དགོན་གྱི་དཔོན་སློབ་ཁྲི་རབས་བཅོ་ལྔ་བ་༧ཤེས་རབ་ཀུན་བཟང་བློ་གྲོས་དཔལ་བཟང་པོ་མཆོག་སྐུ་སྐྱེ་བ་བཞེས་ནས་བགྲང་བྱ་༩༠དང་། དགོངས་པ་མྱ་ངན་ལས་འདས་ནས་མི་ལོ་༡༥འཁོར་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་༼གདན་ས་གཡུང་དྲུང་གླིང་གི་རྒྱལ་ཚབ་ཀུན་བཟང་བློ་གྲོས་རིན་པོ་ཆེ་མཆོག་རྗེས་དྲན་མཆོད་པའི་སྤྲིན་ཚོགས།༽ཞེས་པའི་དེབ་ཆུང་ཞིག་ཆེད་གཉེར་དཔར་བསྐྲུན་ཞུ་རྩིས་ཡོད་པས། དེར་རྟེན་འཛམ་གླིང་ཤར་ནུབ་ཕྱོགས་མཐའ་གང་དག་ན་བཞུགས་པའི། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཕྱུག་ཅིང་ཉམས་དང་རྟོགས་པའི་བདག་ཉིད་སྐྱེས་ཆེན་གྱི་བླ་མ་དམ་པ་དང་། གཞུང་ལུགས་ཀྱི་མཁྱེན་རྒྱ་ཡངས་ཤིང་ལྟ་གྲུབ་ཀྱི་ཟབ་གནད་རྟོགས་པའི་རིས་མེད་ཀྱི་མཁས་དབང་རྣམ་པ། ལུང་རིགས་ཀྱི་དབལ་ཁ་རྣོ་ཞིང་བརྩོན་འགྲུས་ཀྱི་བང་ཁ་མྱུར་བའི་བློ་གསལ་དོན་གཉེར་གྱི་ཁྱུ་ཚོགས། དད་འདུན་མོས་གསུམ་ལྡན་པའི་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་པའི་བུ་སློབ་སྐྱ་སེར་ཕོ་མོ་སོགས། མདོར་ན་བྱམས་བརྩེས་གཞན་ཕྱོགས་ཀྱི་དྭངས་བ་འདྲེན་ཅིང་རྣམ་དཔྱོད་ཀྱིས་རང་ཕྱོགས་ཀྱི་ང་རྒྱལ་གཅོག་པའི་ཤེས་འཇོན་གཉིས་ལྡན་གྱི་རྒྱ་ཆེའི་སྨྱུག་ཐོགས་པ་ཡོངས་ཀྱིས། རྗེ་བླ་མ་དམ་པ་འདི་ཉིད་ཀྱི་མཛད་པའི་འཕྲིན་ལས་ཕྱི་ནང་གསང་གསུམ་གང་གི་ཆ་ནས་ཡིན་ལུགས་རྣལ་མའི་ལམ་དུ་ཆོས་སྲིད་སྤྱི་སྒེར་གང་ལའང་དོ་ཕོག་མེད་པར་རང་ཉིད་ངོ་མས་བྲིས་པའི་ཡི་རང་དང་རྗེས་དྲན་མཚོན་པའི་རྩོམ་ཡིག་གང་མང་ཞིག་རྩོམ་པ་པོའི་མཚན་དང་བཞུག་གནས་ཞལ་པར་ཨང་གྲངས་བཅས་གསལ་པོར་བཀོད་ནས་སྤྱི་ལོ་༢༠༡༧ཟླ་༡ཚེས༡ཡར་སྔོན་དུ་འཕྲིན་ལམ་དང་ཡིག་ཐོག་གང་རུང་ནས་ལེགས་འབྱོར་གནང་རྒྱུའི་རེ་བ་དང་བཅས།

བོན་གྱི་གདན་ས་རབ་ལེགས་གཡུང་དྲུང་གླིང་དགོན་གྱི་བླ་མའི་རྗེས་དྲན་རྩོམ་སྒྲིག་ཚོ་ཆུང་གིས། བོད་མེ་སྤྲེལ་ལོའི་ཟླ༤ཚེས་༥ཉིན།

འབྲེལ་གཏུགས་ཁ་པར། ༡༨༥༨༩༡༢༨༣༡༤_  ༡༣༥༡༨༩༣༥༦༦༥ _༡༣༨༨༩༠༠༣༦༦༨

སྦྲག་སྲིད་ཨང་གྲངས། ༨༥༧༡༠༠

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།