༼གངས་ལྗོངས་བོན༽གཡུང་དྲུང་བོན་གྱི་དཔྱད་དེབ་རྩོམ་བརྡ།

[ཟླ་ཚེས། 2016-06-13 14:42:38][རྩོམ་པ་པོ། རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01.jpg
02.jpg

  རྣམ་དཔྱོད་ཀྱི་བློ་རིག་རྒྱས་ཤིང་མིག་རྒྱང་ཡངས་པའི་མཁྱེན་ལྡན་མཁས་དབང་ཡོངས་ཀྱི་སྙན་ལམ་དུ་ཞུ་མཆིད།

   ཞང་བོད་རང་ས་རང་ཡུལ་དུ་ས་སྐྱེས་རྡོ་སྐྱེས་ཀྱི་རིག་པའི་གཞུང་ལུགས། གཞི་ལམ་འབྲས་གསུམ་གྱི་ལྟ་གྲུབ་ལྡན་པའི་སངས་རྒྱས་གཡུང་དྲུང་བོན་གྱི་ཐུན་མིན་རིག་པའི་ཁྱད་ནོར་དག་དང་། བོད་རང་གི་རིག་པའི་གཞུང་ལུགས་ཀྱི་འཕེལ་རྒྱས་སྤྲིན་གྱིས་སྒྲིབ་པའི་ཉི་མ་ལྟར་གྱུར་ཅིང་གངས་ཅན་པའི་སྐད་ཡིག་རླུང་ཁྲོད་ཀྱི་མར་མེ་ལྟ་བུར་གྱུར་དང་འགྱུར་བཞིན་པའི་སྐབས་འདིར།གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དབུས་པས་འབྲེལ་ཡོད་མཁས་དབང་ཚང་མས་བཀའ་མོལ་བྱུང་བ་ལྟར་གཡུང་དྲུང་བོན་གྱི་དཔྱད་དེབ་༼ གངས་ལྗོངས་བོན་ ༽ཞེས་པའི་དེབ་ཅིག་ལོ་རེ་བཞིན་བོན་གྱི་ཐུན་མིན་གྱི་ལོ་རྒྱུས་དང་། གདན་རབས། ལྟ་སྤྱོད་ཀྱི་རྣམ་བཞག་སོགས་གཙིགས་སུ་བཟུང་སྟེ། རྩོམ་སྒྲིག་པ་སྐོར་ཞིག་རྩ་འཛུགས་བྱས་ནས་བསྐྲུན་འཆར་བཞག དེ་ལྟར་མཁྱེན་ལྡན་རྣམས་ཀྱིས་ཚད་གསུམ་བདེན་པའི་དྲང་ཐིག་དང་མི་འགལ་ཞིང་དངོས་བྱུང་འཚོ་བར་རྒྱབ་འགལ་དུ་མ་སོང་བའི་བོན་གྱི་རིག་གཞུང་ལྟ་གྲུབ་དང་འབྲེལ་བའི་དཔྱད་རྩོམ་མུ་ནས་མུ་རུ་བསྐུར་གནང་ཡོད་པར་མཁྱེན། དེ་ལྟར་བྱས་ན་བོན་གྱི་རིག་གཞུང་དང་ལྟ་སྤྱོད་མཁྱེན་འདོད་ཡོད་མཁན་དག་ལ་རམ་འདེགས་དང་། བོན་གྱི་ལྟ་སྤྱོད་ལ་གོ་ནོར་ཐེབས་པ་གང་མང་ཞིག་ལ་གསལ་འདེབས་ཡོང་རྒྱུའི་དགེ་མཚན་ཆེན་པོར་སྣང་། ད་དུང་འདི་ག་རྩོམ་སྒྲིག་ཁང་ནས་ཕྱོགས་མཐའ་ཁག་གི་མཁས་དབང་དང་དགེ་བཤེས་རྣམ་པ་གདན་ཞུས་ཐོག་ལྗགས་རྩོམ་ལེགས་གྲས་དག་བདམ་བཀོད་བྱེད་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་པའི་ངོས་ནས་རྩོམ་ཡོན་གང་འཚམས་ཡང་འབུལ་འཆར་ཡོད། རྣམ་པ་ཚོས་དུས་ལྟར་ཕྱག་རྩོམ་རེ་བསྐུར་གནང་ཡོད་པའི་རེ་འདོད་དང་འབོད་སྐུལ་ཡང་ཡང་ཞུས་པ་ལགས།

གངས་ལྗོངས་བོན་དཔྱད་དེབ་ཀྱི་རྩོམ་སྒྲིག་མི་སྣ།

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གངས་ལྗོངས་བོན་དཔྱད་དེབ་རྩོམ་སྒྲིག་ཚན་ཆུང་གི་ཚན་གཙོ།
ཉག་སྤྲུལ་བསོད་ནམས་རྒྱ་མཚོ། ཁ་པར་ཨང་གྲངས། 13558579919
ཡིག་སྒམ། 1304116713@qq.com
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ། གངས་ལྗོངས་བོན་དཔྱད་དེབ་རྩོམ་སྒྲིག་ཚན་ཆུང་གི་རྩོམ་སྒྲིག་པ།
ལུང་དཀར་གཡུང་དྲུང་བསྟན་འཛིན། ཁ་པར་ཨང་གྲངས། 13628989444
ཡིག་སྒམ། 945112478@qq.com
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས། གངས་ལྗོངས་བོན་དཔྱད་དེབ་རྩོམ་སྒྲིག་ཚན་ཆུང་གི་རྩོམ་སྒྲིག་པ།
ཨ་དཔལ་བཟང་། ཁ་པར་ཨང་གྲངས། 13909043403
ཡིག་སྒམ། 826677980@qq.com

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།