སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་གལ་ཆེའི་གསལ་བརྡ།

[ཟླ་ཚེས། 2015-12-06 15:01:42][རྩོམ་པ་པོ། བཀའ་འགྱུར་དཔེ་རྙིང་ཚོགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༠༡.JPG

ཧོར་ཡུལ་སྦྲ་ཆེན་བོན་གྱི་རྒྱལ་ཁམས་སུ་མཚན་དཔེའི་མེ་ཏོག་བཞད་པའི་ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་གི་བླ་མ་མཆོག་སྤྲུལ་ལུང་རིག་ཀུན་གསལ་སྙིང་པོ་རིན་པོ་ཆེ་མཆོག་གིས་སྤྱི་ལོ་༢༠༡༠་ལོར་འགོ་རྩོམ་སྟེ་བགྲང་བྱ་ལོ་ངོ་ལྔ་ཡི་རིང་ལ་མི་རྒྱུ་གཉིས་ཀྱི་འགྲོ་སོང་རླབས་ཆེན་བཏང་གནང་བའི་ཕྱག་རྗེས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དངོས་སུ་དེབ་གཟུགས་སུ་པར་བསྐྲུན་མཛད་པའི་བཀའ་དེབ་དང་པོ་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ཀྱི་དབུ་འབྱེད་སྤྱི་ལོ་༢༠༡༥ལོར་སྤྱི་ཟླ་༩་༣ཉིན་དཔལ་ཤར་རྫ་རི་ཁྲོད་དུ་ཐེངས་གསུམ་པའི་གཡུང་དྲུང་བོན་གྱི་མཉམ་འབྲེལ་ལྷན་ཚོགས་སྐབས་སུ་གནང་བ་དང་འབྲེལ་། ཚོགས་ཞུགས་བླ་སྤྲུལ་སྐྱེས་ཆེན་རྣམ་པས་ཡི་རང་དང་བཅས་བསྔགས་བརྗོད་གང་མང་གནང་བ་མ་ཟད་དགོན་སྡེ་རི་ཁྲོད་སུམ་བརྒྱ་ལྷག་ཙམ་གྱི་མཐུས་མི་བླ་སྤྲུལ་སྐྱེས་ཆེན་རྣམས་ལ་ཕུད་ཀྱི་ཚུལ་དུ་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ཀྱི་དེབ་རེ་རེ་ཕུལ་ཡོད། དེ་དུས་བཀའ་འགྱུར་དེབ་ཕལ་ཆེར་དཔར་ཐུབ་ཡོད་ནའང་རྗེས་སུ་དཔེ་དཀོན་འགའ་ལག་འབྱོར་གསར་དུ་བྱུང་ནས་རེ་ཞིག་དུས་འགྱངས་སུ་སོང་བ་དང་དཔེ་དེབ་ཁ་གྲངས་ཉིས་བརྒྱ་ཐམ་པ་དཔར་བསྐྲུན་མཛད་པ་དང་ཞུས་དག་ལེགས་པར་བྱས་ཏེ་བརྡ་དག་གསར་བཅོས་མེད་པའི་མ་ཕྱི་དཔེ་རྙིང་ལྟར་སྟོན་པའི་བཀའ་ཚད་མ་གཞིར་བཞག་གྱི་ཐོག་ད་ལྟ་འཛམ་གླིང་ཡུལ་གྲུ་ཀུན་ལ་སངས་རྒྱས་བསྟན་པ་སྤེལ་བའི་དུང་བརྡ་འདི་གཏང་བ་ཡིན།

༠༢.JPG༠༣.JPG
ད་ལྟ་དངོས་སུ་ཆ་ཚང་རིན་མེད་ཐོག་ཏུ་དཔེ་ཕུད་འབུལ་ཡུལ་ནི།

རྒྱལ་བ་༧གཤེན་གྱི་གདུང་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ལ་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
སྐྱབས་རྗེ་༧རྒྱལ་བ་སྨན་རིའི་དཔོན་སློབ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
གདན་ས་རབ་ལེགས་གཡུང་དྲུང་གླིང་གི་༧མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ལ་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
སྨན་སློབ་སྐལ་བཟང་ཉི་མ་རིན་པོ་ཆེ་ལ་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
སྨན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་ལ་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཆེན་མོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་ལ་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
ཧོར་ཡུལ་སོ་བརྒྱད་མཁན་ཆེན་ཁྲི་འཛིན་ཀླུ་ཕུག་དགོན་གྱི་མཁན་པོ་ཞུ་སྟོན་སྐལ་བཟང་གཡུང་དྲུང་རིན་པོ་ཆེ་ལ་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
སྣང་ཞིག་སྐྱབས་མགོན་བསྐལ་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་ལ་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་ལ་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་ལ་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་མཁས་དབང་ནམ་མཁའི་ནོར་བུ་སྟོང་སྐོར་ཚེ་རིང་ཐར་སོགས་གཡུང་དྲུང་བོན་གྱི་བཀའ་འགྱུར་དེབ་གཟུགས་ཆ་ཚང་དཔྱད་གཞི་རེ་རེ་འབུལ་རྒྱུ་དང་།
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ལ་རྒྱལ་བའི་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
ཕོ་བྲང་པོ་ཏཱ་ལྷ་ཁང་ནང་དུ་རྒྱལ་བའི་བཀའ་འགྱུར་དེབ་གཟུགས་ཆ་ཚང་གཅིག་འབུལ་རྒྱུ།
ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོ་བཅས་ལ་བཀའ་འགྱུར་དེབ་གཟུགས་ཆ་ཚང་རེ་རེ་འབུལ་རྒྱུ།
གཞན་རྒྱལ་ནང་གི་གྲོང་ཁྱེར་ཁག་གི་དཔེ་མཛོད་ཁང་རྣམས་ལ་བཀའ་འགྱུར་ཆ་ཚང་རེ་རེ་འབུལ་རྒྱུ་ཡིན།
དེ་མིན་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་གཡུང་དྲུང་བོན་གྱི་གྲྭ་ས་གོང་འོག་བར་གསུམ་དང་ཤར་རྫ་པའི་གདན་ས་གཙོས་པའི་དགོན་སྡེ་རི་ཁྲོད་ཆེ་ཆུང་མེད་པར་རྒྱལ་བའི་བཀའ་འགྱུར་ཆ་ཚང་རེ་རེ་འབུལ་རྒྱུ།
བན་དེའི་གྲྭ་ས་སེ་འབྲས་དགེ་གསུམ་དང་གསེར་རྟ་དགོན་སོགས་བན་དགོན་ཆེ་གྲས་རྣམས་ལ་དཔྱད་གཞིའི་ཚུལ་དུ་བཀའ་འགྱུར་དེབ་གཟུགས་ཆ་ཚང་རེ་རེ་འབུལ་རྒྱུ།
དེ་ལྟར་ཀླུ་ཕུག་དགོན་གྱི་བླ་མ་ལུང་རིག་ཀུན་གསལ་སྙིང་པོ་མཆོག་གིས་དེ་སྔོན་གཡུང་དྲུང་བོན་གྱི་བཀའ་འགྱུར་དེབ་གཟུགས་སྤུས་དག་བྱུང་མྱོང་མེད་པའི་ཐོག་མར་མཛད་རྗེས་དང་མ་ཟད་སངས་རྒྱས་བསྟན་པའི་དོན་དུ་དཔེ་སྦྱིན་མཛད་པ་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན་པ་ནི་སྨོས་ཅི་དགོས། ལྷག་པར་དུ་འཛམ་གླིང་གོ་ལའི་ཐོག་ཏུ་འཚོ་བའི་སངས་རྒྱས་གཡུང་དྲུང་བོན་གྱི་དགོན་སྡེ་རི་ཁྲོད་ཡོད་དོ་ཅོག་གི་སྤྱི་མི་རེ་རེས་སྔ་ཙམ་འབྲེལ་བ་གནང་རོགས་ཞུ།

དེ་མིན་མི་སྒེར་བཀའ་འགྱུར་བླུ་ཉོ་མཁན་རྣམས་ལ་ཞུ་རྒྱུར།
གོང་ཚད་དེབ་སྤུས་ལེགས་ལ་ཀྲུང་སྒོར( ༥༤༥༠ )དེབ་དཀྱུས་མ་ལ་ཀྲུང་སྒོར( ༤༩༥༠ )རེད་འདུག
འབྲེལ་བ་གནང་ཡུལ་གྱེར་བསྟན་གླིང་རྒྱལ་བའི་བཀའ་འགྱུར་དཔེ་རྙིང་ཕྱོགས་བསྒྲིགས་ཁང་།
དཔེ་སྦྱིན་མཁན་གཙོ་འཛིན་པ་བླ་མ་ཀུན་གསལ་སྙིང་པོ།
13322568888
འབྲེལ་བ་གནང་ཡུལ་འགན་ཁུར་བ་གཡུང་དྲུང་རབ་གསལ།
18289012222
རྫོགས་ཆེན་མཚོ།
13638940567བཅས་ཡིན།
སངས་རྒྱས་སྟོན་པ་གཤེན་རབ་ཞལ་གསུང་ནོར་བུའི་མཛོད།།
འགྲོ་བ་སེམས་ཅན་སྤྱི་སྐལ་འདི་ནི་སངས་རྒྱས་བསྟན།།
གང་ཟག་སྒེར་གྱི་ནོར་འདོད་བོན་ཚོང་དོན་དུ་མིན།།
དེ་ཕྱིར་འགྲོ་བ་སེམས་ཅན་འདི་ཕྱིའི་དོན་དུ་སྤེལ།།

སྤྱི་ལོ་༢༠༡༥་༩་༨་ཉིན་གྱེར་བསྟན་གླིང་བཀའ་འགྱུར་དཔེ་རྙིང་ཚོགས་པ་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།