སྤྱི་རྟིང་མཁར་གོང་ཞོལ་གྱི་གསས་ཁང་ལེགས་གྲུབ་བྱུང་བ།

[ཟླ་ཚེས། 2015-10-03 20:44:35][རྩོམ་པ་པོ། རེབ་སྐྱིད་ཡར་འཕེལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_3253.JPG
སྤྱི་རྟིང་མཁར་གོང་ཞོལ་གྱི་གསས་ཁང་བཀྲ་ཤིས་རབ་བརྟན་ཕུན་ཚོགས་གླིང་བཞེངས་ནས་ལེགས་གྲུབ་བྱུང་བ།

     གསས་ཁང་བཀྲ་ཤིས་རབ་བརྟན་ཕུན་ཚོགས་གླིང་ཞེས་པ་འདི་ནི། རེབ་གོང་གྲུབ་ཐོབ་རྣམ་གསུམ་ལས་སྤྱིའི་སྤྱི་རྟིང་འཁོར་ལོས་བསྒྱུར་བའི་གདན་ས་རྒྱ་མཚོ་དཔལ་ཞེས་པའི་སྡེ་ཡི་ཡ་གྱལ་མཁར་གོང་ཞོལ་སྡེ་བ་རུ་བཞེངས་ཡོད་ལ། གསས་ཁང་འདི་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་སྒར་ཆགས་དགོན་པ་འཇིག་ཟིན་པའི་དགོན་ཚབ་ཏུ་བྱང་སྟོན་གྲུབ་པའི་དབང་པོ་༧བོན་བརྒྱ་ཐམས་ཅད་མཁྱེན་པ་མཆོག་གིས་ཐུགས་བཀོད་བཞིན་རེབ་གོང་བོན་མང་གི་བྱིངས་འདྲེན་ཆེན་མོ་སྔགས་འཆང་བསོད་ནམས་ཚེ་རིང་མཆོག་གིས་སྦྱིན་བདག་བྱས་ཏེ་ཉམས་པ་སླར་གསོའི་ཚུལ་དུ་སྤྱི་ལོ2005ལོར་གསར་དུ་བཞེངས་འགོ་བརྩམས་སྟེ་སྤྱི་ལོ་2015ལོར་ཕྱིའི་བཀོད་པ་དང་ནང་གི་རྟེན་བཞེངས་སོགས་ལེགས་པར་གྲུབ་ཡོད།

hkl201.jpgIMG_3260.JPG

     རྟེན་བཞེངས་ལ་ཡང་། གཙོ་སྐུ་གཤེན་ལྷ་འོད་དཀར་དང་། ཡི་དམ་འབུམ་པ། སྟག་ལྷ་མེ་འབར། སྟག་ལྷ་སྤུ་གྲི་དམར་པོའི་སྟོང་སྐུ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་དང་བཀའ་རྟེན་སོགས་ཡོད། ད་ལོའི་ཟླ་བརྒྱད་པའི་ནང་སྐྱབས་རྗེ་དམ་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གཙོས་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱས་རབ་གནས་མཛད་དེ་རྟེན་དང་བརྟེན་པ་ཡོངས་སུ་ལེགས་འགྲུབ་བྱུང་ཡོད།

IMG_3266.JPGpsb.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།