རྒྱལ་སྤྱིའི་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་འཚོག་གྲབས་ཡོད་པ།

[ཟླ་ཚེས། 2015-09-16 16:34:32][རྩོམ་པ་པོ། སྒྲིག་སྒྱུར་བ། བདེ་ལྷ་མོ།][རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།][ཀློག་གྲངས། ]

121.jpg

   ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་གནང་ཞིང་། སི་ཁྲོན་སློབ་ཆེན་དང་པེ་ཅིང་ཞང་ཞུང་རིག་གནས་གོང་སྤེལ་ཚད་ཡོད་ཀུང་སིས་རོགས་གཉེར་བྱས་པའི་ཀྲུང་གོའི་རྒྱལ་སྤྱིའི་ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་དེ་སྤྱི་ཟླ་9ཚེས་19ཉིན་ནས་ཚེས་21ཉིན་བར་པེ་ཅིང་དུ་འཚོག་འཆར་ཡོད་ཅིང་། ཚོགས་ཐོག་ཏུ་ཀྲུང་གོའི་འབྲེལ་ཡོད་ཞིབ་འཇུག་པ་ཞུགས་རྒྱུ་མ་ཟད། ད་དུང་ཨ་རི་དང་། ཧྥ་རན་སི། དབྱི་ཐ་ལི། ཁ་ན་ཏ། ཧོ་ལན། ལྗར་པན་སོགས་ཕྱིའི་རྒྱལ་ཁབ་ཁག་གི་འབྲེལ་ཡོད་མཁས་པའང་ཞུགས་རྒྱུ་རེད། དཔྱད་གླེང་ཚོགས་འདུའི་ཐོག་ཞང་ཞུང་དང་འབྲེལ་བའི་ལོ་རྒྱུས་དང་ཆོས་ལུགས། གནའ་རྫས་རྟོག་ཞིབ་དང་སྒྱུ་རྩལ། སྐད་ཡིག་དང་རིག་གནས། རང་བྱུང་ཚན་རིག་དང་ཞང་ཞུང་དང་ཨེ་ཤ་ཡའི་རིག་གནས་བརྗེ་སྤེལ་སོགས་ཀྱི་སྐོར་ལ་དཔྱད་གླེང་གནང་རྒྱུ་ཕུད། ད་དུང་ཞང་ཞུང་སྐོར་གྱི་རིག་དངོས་རྩ་ཆེན་ཡང་ཐོག་མར་འགྲེམ་སྟོན་བྱེད་རྒྱུ་རེད།

 རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།སྒྲིག་སྒྱུར་བ། བདེ་ལྷ་མོ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།