གནའ་བོའི་དགོན་རྙིང་གཡུང་དྲུང་ལྷ་སྟེང་དགོན་དུ་ཞང་ཞུང་རིག་གནས་ཉམས་ཞིབ་བྱས་པ།

[ཟླ་ཚེས། 2015-06-28 10:32:13][རྩོམ་པ་པོ། རྒྱལ་རོང་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

o-1.jpg0-2.jpg

      གནའ་བོའི་དགོན་རྙིང་ཤར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་མ་དགོན་དང་༧རྒྱལ་བ་མཉམ་མེད་པ་ཆེན་པོའི་འཁྲུངས་གཞིས་ཀྱི་དགོན་གནས་དཔལ་གཡུང་དྲུང་ལྷ་སྟེང་དགོན་དུ་སྤྱི་ཟླ6ཚེས27ཉིན། ཀྲུང་གོའི་ཞང་ཞུང་བོན་བསྟན་རིག་གནས་ཞིབ་འཇུག་ཚོགས་པའི་མི་སྣ་གཙོ་གྲས་སྟེ་བོད་རིག་པའི་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་དང་བཙན་ལྷ་ངག་དབང་ཚུལ་ཁྲིམས། འཇམ་དཔལ་རྒྱ་མཚོ། ཐུབ་བསྟན་ཕུན་ཚོགས། ཐོགས་མེད། ནོར་བུ་ཚེ་རིང་། ཚེ་རིང་འགྱུར་མེད། ཀུན་དགའ་ཡེ་ཤེས་སོགས་ཀྱིས་གཙོས་པའི་ཞང་ཞུང་རིག་གནས་ཞིབ་འཇུག་པ་ལྔ་བཅུ་ལྷག་ཕེབས་ཏེ། རྒྱལ་རོང་ལྷ་སྟེང་དགོན་གྱི་ཡུལ་དངོས་འདིའི་ལོ་ངོ་དུ་མའི་ཡར་སྔོན་གྱི་ཤུལ་བཞག་རིག་དངོས་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱས།

1-1.jpg1-2.jpg

ཞང་ཞུང་རིག་གནས་ཞིབ་འཇུག་པ་རྣམས་ཤར་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་དུ་ཕེབས་བསུ་བྱེད་བཞིན་པའི་རྣམ་པ།

2-1.jpg2-2.jpg

ལོ་རྒྱུས་ཀྱི་ཡུན་རིང་བའི་གནའ་བོའི་རྡོ་རིང་ཆེན་མོ་དང་གཞན་མི་ལོ་དུ་མའི་ཡར་སྔོན་གྱི་རྟེན་རྙིང་མཐའ་དག་ལ་གཟིགས་བཞིན་པ།

3-1.jpg3-2.jpg

བླ་གྲྭ་ལྷན་རྒྱས་ཀྱིས་ཡར་མཆོད་པ་དང་མར་སྦྱིན་པ་སོགས་ཀྱི་བོན་ཆོག་ཟབ་རྒྱས་སྤེལ་བཞིན་པ།

4-1.jpg4-2.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།