རིན་མེད་གཟིགས་འབུལ་གསལ་བརྡ།

[ཟླ་ཚེས། 2015-06-24 12:35:41][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

2.jpg

   དཔལ་གཤེན་བསྟན་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་༧མཁན་ཆེན་ཚུལ་ཁྲིམས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དང་།

453.jpg
དགའ་མལ་དགོན་ཆེན་གྱི་མཁན་རབས་དང་པོ་༧མཁན་ཆེན་ཚུལ་ཁྲིམས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ།

   དེ་བཞིན་༧དགའ་མལ་དགོན་ཆེན་མཁན་སློབ་རྣམ་གཉིས་གཙོས་པའི་གང་ལ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་བླ་མེད་རྫོགས་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པ་དང་། ཁྱད་པར་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མདོ་སྔགས་བཤད་སྒྲུབ་གླིང་གི་བསྟན་པ་སྔ་ལས་ཡར་ངོའི་ཟླ་ལྟར་རྒྱས་པ་སོགས་ཀྱི་དོན་ལ་དམིགས་ཏེ་༧མདོ་སྔགས་བཤད་སྒྲུབ་གླིང་གི་དཔོན་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ་ནས་གཙོ་འགན་བཞེས་ཏེ་《མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་དངོས་གཞིའི་ཡང་ཏིག་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་》གྱི་གཞུང་འདི་ཉིད་པར་དུ་བསྐྲུན་ཏེ་རྒྱ་ཆེ་བའི་བླ་མེད་རྫོགས་པོ་ཆེན་པོའི་ཉམས་ལེན་པ་རྣམས་ལ་རིན་མེད་དུ་གཟིགས་འབུལ་གནང་།

1.jpg
དཔེ་སྐྲུན་གསལ་བཤད།

བོན་བསྟན་ཡང་སྙིང་རྒྱལ་འཕགས་དགོངས་པའི་བཅུད།།
བོན་འབངས་བསོད་ནམས་ལེགས་བྱས་དཔལ་གཡང་དུ།།
བོན་གཟུགས་བསྐྲུན་པའི་འདོད་འབྱུང་ཡིད་བཞིན་ནོར།།
བོན་སྦྱིན་བདག་པོའི་དགེ་ཚོགས་བླ་ན་འབར།།

   ཞེས་དགེ་ལེགས་འདྲེན་པའི་ལེགས་བརྗོད་མེ་ཏོག་དཀར་པོ་སྔོན་དུ་དྲངས་ནས། འདིར་ཆེད་དུ་ཞུ་བྱ་ཞིག་སྟེ། ཁྱེད་རྣམས་ཀྱི་ཕྱག་ཏུ་དངོས་སུ་འབྱོར་བའི་ལག་དེབ་འདི་ནི། ལྷག་བསམ་གངས་དཀར་གྱི་འོད་མདངས་ལྷམ་ལྷམ་འཚེར་ཞིང་། མཆོད་སྦྱིན་གཏོང་ཕོད་ཀྱི་སྒོ་མོ་རབ་ཏུ་ཡངས་པའི་ཧ་སྨིན་གསུང་འབུམ་སྐྱོབ་ནས་ཕ་མའི་དྲིན་ལན་ཆེད་སྒོར་༥༠༠ ལྷ་རྒྱལ་ནས་ཚེ་འདས་གྲྭ་དྲུང་མུའི་བསྔོ་རྟེན་དང་འབྲེལ་སྒོར་༥༠༠ འཁོར་རྗེ་ཕུར་བ་ཚེ་རིང་ནས་ཕ་མའི་དྲིན་ལན་ཆེད་སྒོར་༡༠༠༠ མི་ཉག་མཁན་པོ་ཚེ་རིང་ཕུན་ཚོགས་ནས་སྒོར་༢༠༠༠ ཚེ་ལོ་སྨིན་ནས་ཨ་མའི་བསྔོ་རྟེན་དང་འབྲེལ་སྒོར་༣༣༠ ཨ་གླིང་བཀྲ་ཁོ་ནས་ཕ་མའི་བསྔོ་རྟེན་དང་འབྲེལ་སྒོར་༡༡༠༠ ཆོས་ཡག་སྐལ་བཟང་རྒྱལ་མཚན་ནས་ཕ་མའི་དྲིན་ལན་ཆེད་སྒོར་༡༠༠ ཁྲི་སྨིན་ཚེ་རིང་ནོར་བུ་ནས་ཨ་མའི་བསྔོ་རྟེན་དང་འབྲེལ་སྒོར་༡༡༠ སྐྱང་ཚང་གནམ་གསས་དབང་སྡུད་ནས་ཕ་མའི་དྲིན་ལན་ཆེད་སྒོར་༡༠༠ ཁྲི་སྨིན་ཀུན་གསལ་ཡེ་ཤེས་ནས་ཕ་མའི་དྲིན་ལན་ཆེད་སྒོར་༢༠༠ བཅས་གནང་བའི་མཐུན་རྐྱེན་ལ་བརྟེན་ཏེ་རིན་མེད་དུ་ཕུལ་བར་ལགས་ན། དེ་ལུགས་དད་སྦྱིན་རྣམས་ཀྱི་རེ་འདོད་ལྟར་འབྲེལ་ཐོགས་ཚེ་འདས་རྣམས་མ་རིག་འཁྲུལ་སྣང་གི་སྡུལ་བསྔལ་ལས་ཐར་ཏེ་ཟག་མེད་བདེ་ཆེན་གྱི་གནས་སུ་མྱུར་དུ་ཕྱིན་པ་དང་། འབྲེལ་ཐོགས་ཚེ་ལྡན་རྣམས་ཇི་སྙེད་རྒུད་ཚོགས་ཀྱི་རྐྱེན་ངན་ཀུན་ལས་ཐར་ནས་བསམ་དོན་ཡོངས་སུ་ལྷུན་གྱིས་འགྲུབ་ཅིང་ལེགས་དགུ་ཐམས་ཅད་ཕུན་སུམ་ཚོགས་པའི་ཐུགས་སྨོན་སྐྱབས་འཇུག་བརྩེ་ཆེན་ཡེ་ཤེས་ཀྱི་ཀློང་ནས་མི་འདོར་བ་མཁྱེན་མཁྱེན་མཁྱེན་ཞེས་གསོལ་བ་འདེབས་པ་ལགས། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།