དགའ་མལ་དགོན་ཆེན་དུ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ན་བཟའ་གདན་དྲངས་པ།

[ཟླ་ཚེས། 2015-03-13 16:17:22][རྩོམ་པ་པོ། དགོན་ཆེན་དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 མདོ་སྨད་དགའ་མལ་དགོན་ཆེན་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་ན་བཟའ་རྨད་གོས་དང་པད་ཞུ་གདན་ཞུས་གནང་བ།
DSC_0932.JPG
DSC_0921.JPGDSC_0966.JPG
  

དེ་ཡང་དགའ་མལ་དགོན་ཆེན་གྱི་གཞུང་ནས་༢༠༡༤ལོ་ནས་༧སྐྱབས་རྗེ་རྒྱལ་བ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་། སྐྱབས་རྗེ་༧ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་ན་བཟའ་རེ་༧དགའ་མལ་དགོན་ཆེན་གྱི་རྟེན་སྐལ་སྐྱབས་ཞུ་ཡང་ཡང་ཞུས་པ་བཞིན་དུ།

DSC_0950.JPGDSC_0929.JPG

ན་ནིང་སྤྱི་ཟླ་དགུ་བའི་ནང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་ན་བཟའ་དགའ་མལ་དགོན་ཆེན་དུ་གདན་དྲངས་པ་དང་། དེ་བཞིན་ད་ལན་༧སྐྱབས་རྗེ་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེའི་ན་བཟའ་པད་ཞུ་དང་རྨད་གོས་གཉིས་རིན་པོ་ཆེ་ནས་དངོས་སུ་གནང་བ་ལྟར་གདན་དྲངས་ཏེ་དགའ་མལ་དགོན་ཆེན་གཙོས་པའི་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་བཅུ་གསུམ་གྱི་བླ་གྲྭ་ཡོངས་དང་དད་ལྡན་དམངས་ཚོགས་ཡོངས་ཀྱི་དད་གུས་མོས་གསུམ་སོགས་ཀྱི་སྐྱབས་རྟེན་དུ་བཞུགས་པའོ། །

DSC_0940.JPGDSC_0935.JPG

 ༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བྱིན་རྟེན་ན་བཟའ་འདི་ཀེའུ་ཚང་ཤུག་སྡོང་ཀླུ་ཕྱུག་ལགས་ཀྱིས་བལ་ཡུལ་ནས་ཤར་ཁོག་ཏུ་བསྣམས་ཡོང་བ་ལྟར་བོད་ཟླ་འདིའི་ཚེས་ཉི་ཤུ་ཉིན་ལ་དགའ་མལ་དགོན་ཆེན་གྱི་མཁན་སློབ་རྣམ་གཉིས་གཙོས་པའི་བླ་སྤྲུལ་ཁག་ནས་ཕེབས་བསུ་དང་བཅས་དགའ་མལ་དགོན་ཆེན་དུ་གདན་དྲངས་ཏེ་མདོ་སྨད་ཟིང་ཆུ་རྫོང་ངམ་ཤར་ཁོག་གི་དད་ལྡན་སེར་སྐྱ་ཁྲི་མ་འབུམ་གྱི་བྱིན་རྟེན་དུ་བཞུགས་པ་ལགས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།