རྩོམ་ཡིག་བསྡུ་བའི་གསལ་བརྡ།

[ཟླ་ཚེས། 2014-12-06 23:29:40][རྩོམ་པ་པོ། རྟོགས་ལྡན་བསྐལ་ཁོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 2011011822493497.gif

མདོ་སྔགས་བླ་ན་མེད་པའི་ཐེག་པ་མཆོག །
འཕྲུལ་ངག་བསྟན་པའི་གསལ་བྱེད་དགེ་བའི་བཤེས། །
འགྲོ་ཁམས་ཕན་བདེའི་ཉི་མ་མཚུངས་མེད་མགོན། །
མཆོག་གཟིགས་བླ་མའི་ཞབས་ལ་གསོལ་བ་འདེབས། །
གང་གི་ཞབས་ཟུང་ཟླ་བ་གཞོན་ནུའི་ཁམས། །
སྐྱེ་རྒུའི་གཙུག་གི་རྒྱན་དུ་མངོན་བཞུགས་ནས། །
ཕན་བདེའི་འཕྲིན་ལས་འོད་སྣང་ཕྱོགས་ཀུན་ཁྱབ། །
དགེ་ལེགས་འདབ་བརྒྱ་རྟག་ཏུ་རྒྱས་གྱུར་ཅིག 

   རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཡངས་ཤིང་གངས་རིའི་ལས་དབང་ལ་ཐུགས་སེམས་དཀར་བའི་ཤེས་ལྡན་ཡོངས་ཀྱི་སྙན་ལམ་དུ་གུས་ཞུ། མདོ་སྨད་རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་པོ་རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་སྐྱབས་རྗེ་ཐམས་ཅད་མཁྱེན་པ་༧ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེས་བསྟན་འགྲོའི་དཔུང་གཉེན་གྱི་མཛད་པ་ལྷུར་བླང་གིས་ད་ཆར་དགུང་གྲངས་བརྒྱད་ཅུར་སླེབས་ལ་ཉེ་བའི་བསྐལ་བཟང་གི་དུས་འདིར། ངེད་རྟོགས་ལྡན་དགོན་འདུས་སྤྱི་ནས་ཁོང་རིན་པོ་ཆེའི་གསང་གསུམ་ཟད་པ་མེད་པའི་ཡོན་ཏན་དང་བཀའ་དྲིན་གྱི་ཆ་ཙམ་མཚོན་བྱེད་དམ། ཡང་ན་སླད་མའི་ཆར་ཡང་སྐུ་མཆོག་མི་འགྱུར་གཡུང་དྲུང་གི་ཁམས་སུ་བརྟན་པར་སྐྱབས་སྨོན་ཤིས་བརྗོད་ཀྱི་གཏམ་ཚོགས་སྤུངས་པའི་ཆེད་དེབ་ཅིག་པར་བསྐྲུན་གྱི་ལས་འཆར་འགོད་བཞིན་པ་ལ། རྣམ་པ་སུ་ཡིན་གྱིས་རྩོམ་ལུས་བཅད་ལྷུག་སྤེལ་མ་གང་ཡིན་དང་རྒྱས་བསྡུས་སོགས་ཁྱད་མེད་ཅིང་། ནང་དོན་དེ་བསྟུན་གྱི་བརྩམས་ཆོས་རེ་བསྐུར་གནང་ཡོང་བའི་འབོད་པ་སྙིང་ནས་ཞུས་པ་དེ་བཞིན་ཐུགས་ལ་བཏེགས།

རྩོམ་བསྡུའི་དུས་ཚོད་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༢ ཚེས་ ༡ ཚུན་ཆད།

རྩོམ་བསྐུར་གནང་དང་འབྲེལ་གཏུགས་བྱ་ཐབས་གཤམ་གསལ།
གླེང་མོལ། QQ 1304116713@qq.com
སྐད་འཕྲིན། suonan9919
དྷི་དྷི། DiDi 3703814
ཁ་པར། 13558579919

རྟོགས་ལྡན་དགོན་གྱ་སྟོན་ཆེད་དེབ་རྩོམ་སྒྲིག་ཚོགས་པ་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།