ནང་བསྟན་ཟབ་སྦྱོང་འཛིན་གྲྭ་བཙུགས་པ།

[ཟླ་ཚེས། 2014-04-24 23:40:50][རྩོམ་པ་པོ། མཁན་པོ་ཉི་མ་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུས་བཀོད་སྒྲིག་ལྟར་དུ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་མཐོ་འབྲིང་རབ་འབྱམས་པའི་ཟབ་སྦྱོང་འཛིན་གྲྭ་བཙུགས་པ།
Fl201404241919537375.jpg
Fl201404241917537238.jpg

    ༢༠༡༤ལོའི་ཟླ་བ་༤ཚེས་༡༥ཉིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་མཉམ་འབྲེལ་གྱིས་བསྒྲུབས་པའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་མཐར་ཕྱིན་ཞིང་རབ་འབྱམས་པའི་མཚན་རྟགས་ཐོབ་པའི་སློབ་མ་སི་ཁྲོན་བོད་ཁུལ་གྱི་བོན་པོའི་དགེ་བཤེས་དང་མཁན་པོ་སོགས་མི་བཅུ་གཅིག་དང་། རྙིང་མ་བ་སོགས་གྲུབ་མཐའ་གཞན་གྱི་བཅུ་བདུན་བཅས་ཁྱོན་ཉེར་དགུ་ཙམ་ཧུང་ན་ཞིང་ཆེན་དུ་ཚོགས་འདུ་དང་ཟབ་སློབ་འཛིན་གྲྭ་བཙུགས།

 Fl201404241919245027.jpg
Fl201404241918491483.jpg

   ཟབ་སྦྱོང་འཛིན་གྲྭ་དང་ཚོགས་འདུའི་སྟེང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུའི་འགོ་ཁྲིད་དང་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་སོགས་ཆེད་མཁས་གདན་དྲངས་ཏེ་གསུང་བཤད་གང་ལེགས་གནང་ཞིང་། མཐར་ཕྱིན་སློབ་མ་རྣམས་ཀྱིས་ཀྱང་མི་རིགས་དང་། རིག་གནས། དགོན་པ། ས་ཁུལ་དང་འབྲེལ་ཡོད་ཀྱི་གནས་ཚུལ་དང་གནས་བབ་ཀྱི་ལོ་རྒྱུས་གང་མང་ཡར་ཞུ་སོགས་ནན་ཏན་མཛད་དེ་ཟབ་སྦྱོང་འཛིན་གྲྭ་དོན་སྙིང་ལྡན་པར་མཛད།

Fl201404241918149194.jpg
Fl201404241919382930.jpg

   དེ་མཚུངས་སུ་ཧུང་ན་དང་ཅང་ཤེའུ་སོགས་ཀྱི་གལ་ཆེའི་ས་ཁུལ་འགའ་ལ་བལྟ་སྐོར་སོང་བ་དང་། ལྷག་པར་ཚེས་༢༥ཉིན་སི་ཁྲོན་འཐབ་ཕྱོགས་གཅིག་གྱུར་པུའུའི་པུའུ་ཀྲང་དང་ལྷོ་ནུབ་མི་རིགས་སློབ་གྲྭའི་སློབ་གཙོ་རྣམ་གཉིས་ཀྱིས་སྣེ་ཁྲིད་འོག་ལྷོ་ནུབ་མི་རིགས་སློབ་གྲྭའི་དཔེ་མཛོད་ཁང་དང་གནའ་རྫས་རིག་དངོས་ཁང་སོགས་ལ་བལྟ་སྐོར་སོང་ཞིང་མཐར་སློབ་མཇུག་སྒྲིལ་བའི་དཔང་ཡིག་བཅས་སྤྲད་ནས་མཇུག་ལེགས་པར་རྫོགས་པ་ལགས་སོ། །

Fl201404241920284724.jpg
IMG_2193.JPG
Fl201404241920432572.jpg
IMG_2201.JPG
Fl201404241920587017.jpg
IMG_2190.JPG
IMG_2190.JPG

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།