འོད་སྡེར་ཡར་ཀླུངས་གཙང་པོའི་བཞུད་སྒྲ།

[ཟླ་ཚེས། 2013-07-09 18:25:43][རྩོམ་པ་པོ། ཚུལ་ཁྲིམས་དགའ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

འོད་སྡེ་གསར་པ། ཡར་ཀླུངས་གཙང་པོའི་བཞུད་སྒྲ། གཉིས་པ་དང་གསུམ་པ་འགྲེམ་སྤེལ་གནང་བ།
IMG_2116.JPG
IMG_2112.JPG

   ཨེ་མ་འཛམ་གླིང་གོ་ལ་ཧྲིལ་པོའི་གཙུག་ཏུ་ཆགས་ཤིང༌། ཞང་བོད་ཤེས་རིག་སྟོང་གི་གྲོལ་ཕུག་གྲགས་པས་སྲིད་པའི་གངས་རྙིང་ཆགས་པའི་ཡུལ་ལྗོངས། དྭངས་གཙང་འཁོར་ཡུག་མཛེས་པའི་ཞིང་ས། ཡོངས་རྫོགས་རྒྱལ་བསྟན་དར་བའི་གནས་མཆོག། མི་རྟ་ཆོས་ཀྱི་མཚན་མས་རྒྱན་པའི་ཆོལ་ཁ་གསུམ་གྱི་ཕ་ས་འདི་ནི། མི་རྗེ་ལྷ་ལས་གྲོལ་བའི་སྲས་པོ། གནམ་སྐོས་སྤུ་རྒྱལ་རིམ་བྱོན་གྱིས་རྒྱལ་ཁྲིམས་བཀའ་ཡི་ཆགས་ཤིང་གནམ་དུ་བཏེགས་ནས། སྲིད་པ་བདེ་ལ་བཀོད་ཅིང༌། རྒྱལ་གཤེན་བསྟན་པའི་གདུགས་དཀར་མཐོན་པོས། ཕྲལ་ཡུན་ཕན་བདེའི་གྲིབ་བསིལ་འབྱིན་པའི་ལོ་རབས་ཀྱི་བྱུང་བ་རྣམས་ཅི་འདྲའི་སྙན། སྔོན་བྱོན་མེས་པོ་རྣམས་ཀྱིས་ཤུལ་བཞག་གི་སྙིང་ནོར། བཅུ་ཕྲག་རིག་པའི་ཟིལ་དངར་འཐོར་བའི་ཞང་བོད་ཤེས་རིག་གི་ཆུ་རྒྱུན་འདི་འགལ་རྐྱེན་བྲག་འཕྲང་དུ་མ་འཐོལ་གྱིས་བརྒལ་ཏེ། དུས་རབས་ཉེར་གཅིག་པའི་ཀྱོག་མཚམས་འདིར། རི་བོ་གངས་དཀར་ཏེ་སེའི་གཟི་འོད་དང་ལྷན་དུ་ཨེ་ཤ་ཡའི་ས་ཁོང་ལས་བརྒལ་ཏེ། འཛམ་གླིང་ནོར་འཛིན་པང་དུ། གྲགས་དཀར་མྱུག་གུ་འབུས་པའི་དུས་སྐབས་འདིར། ཞང་བོད་ཤེས་རིག་ལ་ལྷག་བསམ་རབ་དུ་ཕྱུག་ཅིང༌། མི་རིགས་ལ་ཤ་ཞེན་དང་གཏོང་འཕོད་ཀྱི་ཕྱག་སོར་རབ་ཏུ་ཡངས་པའི་སྦྲ་ཆེན་བསྟན་འཛིན་ཡེ་ཤེས་ཁོང་གིས་ཞང་བོད་ཤེས་རིག་གི་འཕེལ་རྒྱས་དང༌། མི་རིགས་མཐུན་སྦྲེལ་གྱི་འབོད་སྐུལ་ཆེད་དུ། དཀའ་ཚེགས་དུ་མ་ཁྱད་དུ་བསད་ནས། ལྷག་བསམ་གངས་ཀྱི་རི་ལས་བབས་པའི། མཛད་རྗེས་ཡར་ལུང་གཙང་པོའི་བཞུད་སྒྲས་མཐོ་སྒང་གི་རྨོངས་གཉིད་ཐེངས་གཅིག་སློང་མྱོང་ལ། སྟོང་ལོ་གསར་པའི་དུས་ཀྱི་སྐབས་འདིར། སླར་ཡང་མི་རིགས་དང་ཤེས་རིག་གི་ཆེད་དུ། ཞང་བོད་ཤེས་རིག་གི་སྲོག་ཤིང༌། རྒྱལ་གསས་འཕགས་པའི་བསྟོད་ཚོགས། འཚེ་མེད་ཞི་བདེའི་རེ་འབོད། སྲོལ་རྒྱུན་རྩེད་རིགས་རྒྱུ་རྩལ། འདོ་རིགས་རྟ་ཕོའི་འགྲོས་བསྟོད་སོགས། ནང་དོན་ཕུན་སུམ་ཚོགས་པའི་གླུ་གཞས་དུ་མ་ཞིག་འགྱུར་ཁུག་ངག་ལ་རང་དབང་འཐོབ་ཅིང༌། ལྡེམ་མཉེན་སོར་མོའི་རྒྱུ་རྩལ་བྱོན་པའི་གྲགས་ཅན་གླུ་བ་གླུ་མ་ཁག་ཅིག་གིས་རྒྱུ་སྦྱོར་བྱས་ནས་ཡར་ཀླུང་གཙང་པོའི་བཞུད་སྒྲ་ཐེངས་གསུམ་པ་གངས་ཅན་བོད་པ་ཚང་གི་དར་ལུང་རྣ་བའི་དཔྱིད་དུ་འབུལ་རྒྱུ་ཡིན་པས་རྒྱ་ཆེའི་གཟིགས་མོ་བ་རྣམ་པའི་མིག་ཡིད་རྣ་བའི་དགའ་སྟོན་གྱུར་ཅིང༌། ཞང་བོད་མེས་པོའི་ཤེས་རིག་རྒྱ་མཚོ་ཆེན་པོ་མི་ཉམས་གང་ནས་གང་དུ་འཕེལ་བའི་རྒྱུ་རུ་འགྱུར་བར་སྨོན།

IMG_2114.JPG
ཡར་ཀླུངས་གཙང་པོའི་བཞུད་སྒྲ། འོད་སྡེར་གཉིས་པའི་ཕྱི་ཤོག
IMG_2115.JPG
ཡར་ཀླུངས་གཙང་པོའི་བཞུད་སྒྲ། འོད་སྡེར་གསུམ་པའི་ཕྱི་ཤོག

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།