ཁྱུང་པོ་རྩེ་དྲུག་དགོན་པའི་བཤད་སྒྲུབ་སློབ་གླིང་གི་ལོ་གཅིག་གི་གནས་ཚུལ་ཁག་གཅིག

[ཟླ་ཚེས། 2015-01-06 22:00:43][རྩོམ་པ་པོ། རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཞང་ཞུང་སྒོ་པའི་འདུས་སྡེ་ཁྱུང་པོ་རྩེ་དྲུག་དགོན་པའི་བཤད་སྒྲུབ་སློབ་གླིང་ནས་༢༠༡༣ལོའི་ཚད་མའི་རིག་སྒྲ་ཆེན་མོ་དང་།
༢༠༡༤ལོ་སྟོད་ཀྱི་རྒྱུགས་ལེན་དེ་བཞིན་སློབ་གླིང་འདིའི་དགེ་བའི་བཤེས་གཉེན་ཁག་གཅིག་གིས་
བཤད་སྒྲུབ་བསྟན་པ་སྐྱོང་ཚུལ་སྐོར་གྱི་ངོ་སྤྲོད།
98.jpg

   དེ་ཡང་རྩེ་དྲུག་བཤད་སྒྲུབ་སློབ་གླིང་འདི་ཉིད་གདན་ས་འདིའི་དབུ་བླ་མཆོག་སྤྲུལ་རིན་ཆེན་རྒྱལ་མཚན་དང་།བླ་མ་གར་དབང་རྣམ་རྒྱལ་གྲགས་པ་སྒྲུབ་མཁན་གཙུག་ཕུད་ཚུལ་ཁྲིམས་གསུམ་གྱི་དགོངས་བཞེད་ལྟར། ༡༩༨༥ལོར་བོན་གྱི་ཡོངས་འཛིན་ཆེན་མོ་བསྟན་འཛིན་རྣམ་དག་རིན་པོ་ཆེས་རྟེན་འབྲེལ་གྱི་མཛད་སྒོ་གནང་བ་དང་བསྟུན། བོན་གྱི་སྤྱི་མགོན་ཆེན་མོ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནས་སྨན་རིའི་དགེ་བཤེས་དྲང་སྲོང་གཡུང་དྲུང་རྩེ་དྲུག་དགོན་གྱི་སློབ་དཔོན་ཆེན་མོར་མངའ་གསོལ་གནང་བ་བརྒྱུད། ༡༩༨༨ལོར་བཤད་ཁྲིད་དངོས་ཚུགས་པ་དང་ཧོར་ཐོག་འོག་གཉིས་ཀྱི་གྲྭ་ས་ཆེན་མོར་སོང་ཡོད། དེ་རྗེས་ཁོང་བསྙུང་གཞིས་རྐྱེན་པས་༡༩༩༤ལོར་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནས་སློབ་དཔོན་མཛད། དེ་ནས་བཟུང་ད་བར་མདོ་སྔགས་རྫོགས་གསུམ་དང་རིག་གནས་བཅས་གྱི་སློབ་ཐོན་དགེ་བའི་བཤེས་གཉེན་སྐབས་གཅིག་ནས་བཅུ་བར་བཏང་བའི་མཚན་གྲངས་༢༨ཡོད། གཞན་ཡང་རྩེ་བླ་མཆོག་སྤྲུལ་རྣམ་གཉིས་གཙོས་པས་འདུས་པ་ཐུན་མོང་གིས་འབད་བརྩོན་བརྒྱུད་དེང་ཚང་བཤད་གྲྭ་གཅིག་བུ་ལ་སློབ་མ་བརྒྱ་དང་སུམ་ཅུ་སོ་གཉིས་ཡོད། དེ་བཞིན་སྨན་རིའི་དགེ་བཤེས་བཟོད་པ་འགྱུར་མེད་དང་།ཡོན་ཏན་ཕུན་འཚོགས།འཕགས་མཆོག་རྣམ་གསུམ་ནས་རྒྱབ་སྐྱོར་ཚད་མེད་གནང་བ་ལ་བརྟེན་༢༠༠༣ལོར་ཚད་མའི་རིག་སྒྲ་འགོ་བཙུགས་ནས་ད་བར་ཐེངས་གྲངས་དགུ་འཚོགས་ཐུབ་སོང་།། གཅིག། ༢༠༡༣ལོར་བོད་མདོ་དབུས་ཁམས་གསུམ་གྱི་་བཤད་སྒྲ་བ་བཞི་བརྒྱ་ལ་ཉེ་བ་འདུ་འཛོམས་གནང་ནས་ཚད་མའི་རིགས་སྒྲ་ཆེན་མོར་ཉིན་གྲངས་བཅུ་བཞི་རིང་འཚོགས་པ་དང་། དེ་སྐབས་དགོན་པ་གཞན་ནས་དགེ་རྒན་ཆེན་མོ་མང་པོ་གདན་འདྲེན་ཞུས་པ་བཅས་ཀྱིས་རྩེ་དྲུག་བཤད་སྒྲུབ་སློབ་གླིང་ཙམ་མ་ཟད་བོན་པོའི་སློབ་གླིང་སྤྱི་ལ་བློ་བསྐྱེད་གསར་པ་སྤྲད་ཐུབ་པ་བཅས་ཀྱིས་བོན་བསྟན་སྤྱི་ལ་ཞབས་ཞུ་ལེགས་འགྲུབ་བྱུང་བའི་རྣམ་པ་གཤམ་གསལ།།

8~2V}0VYV[B2A5(N8M}J6XO.gif
༢༠༡༣ལོའི་ཚད་མ་རིག་སྒྲའི་འཆད་རའི་རྣམ་པ།
C1FWFHZ)86HW9(U[K7V4CXO.gif
ཚད་མ་རིག་སྒྲའི་སྐབས་ཀྱི་དམ་བཅའ་ཆེན་མོའི་རྣམ་པ།
T)Y2$T0%L5(}_%`0BO8_3BM.gif
བསྟན་རྒྱས་སྨོན་ལམ་གསུང་བཞིན་པའི་རྣམ་པ།
5N7$J`[I0$)S3{R6V[]`D4W.gifH}DIKDE~}IDOE_WQOU0ASDD.gif
༢༠༡༣ལོའི་ཚད་མ་རིག་སྒྲ་མཇུག་ལེགས་པར་གྲུབ་པའི་དྲན་རྟེན་སྐུ་པར་བསྐྱོན་པའི་རྣམ་པ་བཅས་སོ།།

གཉིས། ༢༠༡༣ལོ་ནས་བཟུང་བཤད་སྒྲ་བ་རྣམས་ལ་བློ་རྒྱུགས་དམ་རྒྱུགས་རྩོད་རྒྱུགས་རིགས་གནས་དང་སྤྱོད་ལམ་གྱི་རྒྱུགས་བཅས་ལོ་སྟོད་ལོ་སྨད་གཉིས་ཀྱི་རྒྱུགས་ལ་ཉིན་གྲངས་ཞག་བཞི་རིང་སྤེལ་གི་ཡོད། འདི་ལོ་༢༠༡༤ལོའི་ལོ་སྟོད་རྒྱུགས་ལེན་གྱི་ནང་དོན་གཤམ་གསལ།

WE8E2WUK`X{94C@IMJ2)%[M.gif
མཆོག་སྤྲུལ་ཐེག་མཆོག་འོད་ཟེར་རྒྱལ་མཚན་དང་།སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་རྣམ་གཉིས་དང་དཔང་བཞུགས་དགེ་རྒན་རྣམ་པ།
{BWD9_010U~Q87F1@1B9DB8.gif
གཡས་ནས་རིམ་བཞིན་དཔང་བཞུགས་དགེ་རྒན་ཆེན་མོ་དགེ་བཤེས་འབྲི་རུ་ཚུལ་ཁྲིམས་སྨོན་ལམ།བཤད་སྒྲུབ་སློབ་གླིང་གི་འཚོགས་གཙོ་ཤེས་རབ་རྣམ་རྒྱལ།སྒྲུབ་སྒྲའི་དགེ་རྒན་ཆེན་མོ་དགེ་བཤེས་ཚུལ་ཁྲིམས་བསྟན་པ་དར་རྒྱས།དགེ་བཤེས་གཡུང་དྲུང་ནམ་མཁའ།འཚོགས་གཞོན་དགེ་བཤེས་སྐལ་བཟང་ཉི་མ་བཅས་སོ།།
WJRKIOQIA%{GH8[2)Q5}8M7.gif
རྩོད་རྒྱུགས་ལེན་པའི་རྣམ་པ།
SFGC~TDNKB18TJE`7N{0Z1N.gif
V9Y3OH[}7()ONSTG26VCKG4.gif
རིག་གནས་རྒྱུགས་སྤྲོད་ཀྱི་རྣམ་པ།
IIK_Y04ZY4NKLGCIJE]~AX7.gif
༢༠༡༤ལོའི་ལོ་སྟོད་མཇུག་སྡོམ་འཚོགས་ཆེན་གྱི་རྣམ་པ།
W506LE{KS}D7PIC]%$B}BM6.gif
XSB[O2Y(H~_(~7Q[PL98G{0.gif

   མཇུག་སྡོམ་སྐབས་སྒོམ་གྲྭ་མཁན་ཚུལ་རབ་རྒྱས་རྣམ་དག་རིན་པོ་ཆེ་དང་།དགོན་གཞུང་འཚོགས་གཙོ་དགེ་བཤེས་ཤེས་རབ་གོང་འཕེལ།དེ་བཞིན་བཤད་སྒྲུབ་སློབ་གླིང་གི་སློབ་དཔོན་དང་དགེ་སློབ་ལས་འཛིན་རྒྱས་འཛོམས་ངང་སྒྲིག་གཞི་ལེགས་བཅོས་ཀྱི་བྱ་ཐབས་བྱ་དགའ་ཆད་གཅོད་ལག་བསྟར་གནང་བ་དང་བསྟུན་བཀའ་སློབ་ལམ་སྟོན་གང་ཟབ་གནང་བ་བཅས་སོ།།

   གསུམ། དེ་སྔོན་རྩེ་དྲུག་བཤད་སྒྲུབ་སློབ་གླིང་ནས་༢༠༠༦ལོར་དགེ་བཤེས་ཐོན་པ་ཚ་རོང་དགེ་བཤེས་ཤེས་རབ་བློ་གྲོས་ཉིད།མཆོག་སྤྲུལ་བསྟན་འཛིན་འོད་ཟེར་རིན་པོ་ཆེ་ནས་མདངས་དར་དགོན་དུ་བླ་མ་ཁྲི་བཀོད་གནང་། དགོན་པ་དེ་ཉིད་བོད་ལྗོང་ཆབ་མདོ་ས་ཁུལ། མཛོ་སྒང་རྫོང་གི་ཤར་ཕྱོགས་ཁ་བ་དཀར་པོའི་ཉེ་སར་ཡོད། དགོན་འདི་སྔར་སྤྲུལ་སྐུ་བློ་ལྡན་སྙིང་པོས་ཕྱག་བཏབ་པ་ཞིག་ཡིན། ཕྱིས་སྤྱི་ལོ་༢༠༠༠གཡས་གཡོན་དུ་རྙིང་མའི་བླ་རྒན་ཞིག་གིས་བན་དེ་བསྒྱུར་གྲབས་ཀྱི་ཐབས་མང་པོ་བརྩམས་པས་དུད་ཚང་མང་ཆེ་བ་བན་དེ་བྱེད་ཀྱི་ཡོད། ཡིན་ན་བོན་རྒན་དང་གྲྭ་པ་ཁག་གཅིག་བློ་མ་འགྱུར་ནས་རྩེ་དྲུག་དགོན་པར་རེ་ཞུས་གནད་སྨིན་བྱུང་བའི། དགེ་བཤེས་ཁོང་གིས་ཐབས་དང་ཐུགས་རྗེ་ལ་བརྟེན་ད་ལྟ་དགོན་ཞབས་ཀྱི་ལྷ་སྡེ་ལྔ་བརྒྱ་ལྷག་ཡོད་པ་ཚང་མ་བོན་པོ་བྱེད་ཐུབ་པ་བྱུང་བ་མ་ཟད། འདུ་ཁང་གསར་བཞེངས་གྲུབ་པ་དང་བསྟུན་༢༠༡༣ལོར་མཛད་སྒོ་ཟབ་རྒྱས་འཚོགས་ཐུབ་པ་བྱུང་ཡོད་པའི་རྣམ་པ་གཤམ་གསལ།

M]ZS[GS28RH63BA_V3Y5A@T.gif
བླ་མ་རྣམས་དབང་གྲལ་ལ་སེར་འཕྲེང་གིས་བསུ་བའི་རྣམ་པ།
LP~3FDDSIXTSV68HPXMQKEK.gif
གཡས་ནས་རིམ་བཞིན་ཚ་བ་མདངས་དར་དགོན་པའི་བླ་མ་ཤེས་རབ་བློ་གྲོས་དང་།ཚ་བ་རྟ་མཚེར་དགོན་པའི་བླ་མ་འབྲུག་གསས་རྒྱལ་མཚན།ཚ་བ་དྲང་སྲོང་བཀྲ་ཤིས་ཕུན་འཚོགས་བཅས་ཡིན།

8C_4JLW3N)LJ30[_2HIQ82U.gif 
7U1$9DJB4~JAJ)AK7WDFHV1.gif
བླ་མ་རྣམ་པས་ལྷ་སྡེ་རྣམས་ལ་བཀའ་དབང་གནང་བ་དང་བསྟུན་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་བ་བཅས་སོ། །

   ཡང་སློབ་གླིང་འདི་ནས་ཐོན་པ་ལྷོ་རོང་ཤོག་ལྔ་ལམ་ལྷ་དགོན་པའི་དགེ་བཤེས་བསོད་ནམས་རྒྱལ་མཚན་འབྲུ་རུ་རྡོ་ཏིང་དགོན་པས་བླ་མ་དང་ལས་འཛིན་རྣམ་པས་རྩེ་དྲུག་དགོན་པར་རེ་ཞུས་ལྟར་༢༠༡༣ལོའིབོད་ཟླ་དང་པོའི་ནང་བོད་ལྗོང་ནག་ཆུ་འབྲུ་རུ་རྫོངས་རྡོ་ཏིང་དགོན་པར་ཕེབས་ནས་བཤད་སྒྲ་དབུ་འཛུགས་པ་དང་སྟབས་གཅིག་ཏུ། བཤད་ཁྲིད་དང་རྩོད་ར་དམ་བཅའ་སོགས་མཐུན་སྒོ་ཚང་བའི་སློབ་གླིང་དུ་སོང་ཡོད། ལྷག་པར་ལོ་དེའི་བོད་ཟླ་༡༡་ནང་རྩེ་དྲུག་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་གདན་ཞུས་གནང་ནས་བཤད་ཁྲིད་དང་རྩོད་པ་སྒྲིག་ལམ་སོགས་ཀྱི་ཐད་སློབ་སྟོན་གང་ལེགས་གནང་བ་སོགས་ལ་བརྟེན་ད་ལྟ་བཤད་གྲྭ་གྲངས་དྲུག་ཅུ་ལ་ཉེ་འདུག སྤྱིར་བོན་ལ་ལྷག་བསམ་ཡོད་པ་རྣམ་པས་མཁྱེན་དགོས་པ་ཞིག་ལ་འབྲི་རུ་རྫོང་ཁོངས་སུ་བོན་གྱི་འདུས་སྡེ་ཡག་པོ་་མེད་པས་རྐྱེན་གྱིས་དུད་གསར་མང་པོ་ཞིག་བན་དེ་འགྱུར་འགྲོ་གི་འདུག །དེས་ན་རྡོ་ཏིང་དགོན་གྱི་བླ་མ་དོན་ལྷ་རིན་པོ་ཆེ་དང་དགེ་བཤེས་བསོད་ནམས་རྒྱལ་མཚན་གཉིས་དབུས་པའི་འདུས་པ་ཐུན་མོང་གིས་འབད་བརྩོན་བྱས་པ་བརྒྱུད་ད་ལྟ་འདུས་སྡེ་ཡག་པོ་བྱུང་བས་དཀའ་ཁག་དེ་རིགས་འགའ་ཞིག་སེལ་ཐུབ་ཀྱང་ལུས་པ་མང་བས་དེ་ལུགས་གནང་ན་བསམ། གོང་གསལ་ལྟར་གྱི་ནང་དོན་གྱི་རྣམ་པ་གཤམ་གསལ།

})8BCL][{C)}(G79}6518KL.gif
ལུང་རྟོགསབསྟན་པའི་རྒྱལ་མཚན་མཆོག་རྡོ་ཏིང་དགོན་པས་ཕེབས་བསུས་རྣམ་པ།
`6T}7F(_`[NNU3C%V)VX90H.gif
གཡས་ནས་རིམ་བཞིན་རྡོ་ཏིང་དགོན་པའི་བླ་མ་དོན་ལྷ་རིན་པོ་ཆེ། རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན། དབུ་བླ་སྐལ་བཟང་ཉི་མ །དགེ་བཤེས་བསོད་ནམས་རྒྱལ་མཚན། བླ་མ་གེ་ཁོད་བཅས་ནས་བཤད་སྒྲུབ་སློབ་གླིང་གི་གྲྭ་བཙུན་རྣམས་ལ་བཀའ་སློབ་གནང་བའི་སྐོར།
_[]KO%(TR{QZZZ`42[INA$N.gif
བླ་མ་དང་སློབ་དཔོན་རྣམས་རྩོད་རར་གཟིགས་སྐོར་ཕེབས་པའི་རྣམ་པ།
22.gif
44.gif

   སློབ་དཔོན་ཉིད་དང་སྐུ་འཁོར་བཅས་རྡོ་ཏིང་དགོན་གྱི་ཕྱག་ལས་གྲུབ་ནས་རྩེ་དྲུག་དགོན་པར་ཚུར་ཕེབས་པའི་ལམ་བར་གྱི་རྣམ་པ་བཅས་རྩེ་རྩེ་དྲུག་བཤད་སྒྲུབ་སློབ་གླིང་ནས་༢༠༡༥ལོའི་སྤྱི་ཟླ་༡་ཚེས༡་ཉིན་སྤེལ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།