བོན་གཤེན་སྔགས་འཆང་འབེ་ཚ་དགུ་རྒྱལ།
[ཟླ་ཚེས། 2025-09-09 20:24:17][རྩོམ་པ་པོ། གངས་སྙུགའཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །བོན་གཤེན་སྔགས་འཆང་འབེ་ཚ་དགུ་རྒྱལ་གྱི་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས།
ནང་དོན་གནད་བསྡུས། རྩོམ་ཡིག་འདི་རྒན་རབས་འགའ་ཡི་ངག་རྒྱུན་ལ་གཞི་བཅོལ་ནས་བོན་གཤེན་འབེ་ཚ་དགུ་རྒྱལ་མཆོག་གིས་སྐུ་ན་གཞོན་དུས་སློབ་སྦྱོང་གནང་ཚུལ་དང་། གནའ་བོའི་བོན་གྱི་སྲོལ་རྒྱུན་རིག་གནས་ཀྱི་ཐད་ལ་སློབ་མ་སྐྱེ་སྲིང་གནང་ནས་ཞུ་སྒྲུབ་པའི་སྐོར།
བརྡ་ཆད་གཙོ་བོ། ཆོ་ག་ཕྱག་ལེན། པར་རྐོའི་ལག་རྩལ། ཡིག་བྲིས་སྒྱུ་རྩལ།
བརྡ་ཆད་གཙོ་བོ། ཆོ་ག་ཕྱག་ལེན། པར་རྐོའི་ལག་རྩལ། ཡིག་བྲིས་སྒྱུ་རྩལ།
དང་པོ་སྐུ་སྐྱེ་སའི་ས་གནས་དང་ཕ་མའི་སྐོར།
བོན་གཤེན་སྔགས་འཆང་འབེ་ཚ་དགུ་རྒྱལ་མཆོག་ནི། གནའ་བོའི་བོན་གྱི་སྲོལ་རྒྱུན་རིག་གནས་གྱེར་དབྱངས་འདེབས་གསུམ་དང་ཆོ་ག་ཕྱག་ལེན། དཀྱིལ་འཁོར་ཐིག་རྩ། པར་རྐོའི་ལག་རྩལ། བྲིས་གཟུགས་སྒྱུ་རྩལ་སོགས་གཙོས་པའི་སྲོལ་རྒྱུན་རིག་གནས་ཀྱི་རྣམ་གྲངས་ཁག་ལ་ཆེད་དུ་མཁས་པའི་མི་སྣ་ཞིག་ཡིན་པ་མ་ཟད། ལྷག་དོན་སྐུ་ཚེ་ཧྲིལ་པོར་རང་ཡུལ་གྱི་ལྷ་སྡེ་རྣམས་ལ་རིག་གནས་ཀྱི་སྲི་ཞུ་བླ་མེད་བསྒྲུབས་པའི་སྐྱེས་བུ་ཞིག་ཀྱང་ཡིན། ཁོང་ནི་ཡབ་འབེ་ཚ་པདྨ་ཚེ་རིང་དང་ཡུམ་འབྲུག་ཟ་ཉི་སྐྱིད་གཉིས་ཀྱི་སྲས་སུ་བོད་མེ་གླང་ལོ། སྤྱི་ལོ་༡༩༣༧ལོར་དེང་གི་ཆར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་གྱི་ཁོང་གཏོགས་ཕྱག་ནག་འཇུ་ཞེས་པའི་ས་ཆར་སྐུ་འཁྲུངས།
གཉིས་པ་སྐུ་ན་ཆུང་དུས་སློབ་སྦྱོང་གནང་བའི་སྐོར།
ཁོང་ནི་བྱིས་དུས་སུ་ཨ་ཞང་ཚང་གི་ལྷན་དུ་ཁྱིམ་ཚང་གཅིག་ཏུ་འཚོ་བ་བསྐྱལ་ནས་ནར་སོན། རང་ལོ་དགུ་ཡི་ཐོག་ཏུ་ཁོང་གི་སྤུན་མཆེད་བཀྲ་ཤིས་ཀྱི་མཉམ་དུ་རྫོང་རྩ་མཚམས་པ་རིས་ཚ་ཚུལ་ཁྲིམས་གཡུང་དྲུང་གི་དྲུང་དུ་ཤེས་བྱ་ཀུན་གྱི་གཞི་མ་ཀ་ཁའི་རྨིང་གཞི་བཏིང་། དེ་རྗེས་ཞང་པོ་ནོར་ཕྱུག་གིས་ཅོང་རི་དགོན་དུ་ཞང་ཞུང་དྲུང་རྒན་ནམ་སྨན་རིའི་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་གྱི་སྐུ་དྲུང་དུ་བསྐྱལ་ནས་བྲིས་གཟུགས་སྦྱོང་དུ་བཅུགས། འོན་ཀྱང་ཁོང་ཉིད་སྐབས་དེ་དུས་ལོ་ན་ཕྲ་བའི་རྐྱེན་གྱི་ཟླ་བ་གཅིག་ཙམ་མ་གཏོགས་བཞུགས་རྒྱུ་མ་བྱུང་། ཅོང་རི་དགོན་དུ་བསྡད་པའི་སྐབས་དེར་ཞུ་ཡི་ཕོ་ལྷ་བསྟན་སྲུང་གྲགས་རྒྱལ་གྱི་ཞལ་འབག་དེ་དངོས་སུ་གར་འཆམ་རྒྱག་ཡོང་པའི་སྐབས་མ་གཏོགས་རྒྱུན་ལྡན་སྲུང་མ་ཁང་དུ་གཞན་གྱི་མི་མཐོང་སར་བཤམས་ཀྱི་ཡོད། ཞང་ཞུང་དྲུང་རྒན་མས་ཨ་ཉོག་ཁྱོད་ཀྱིས་དེའི་ཕྱོགས་ལ་མ་ལྟ་ཡང་ཡང་གསུང་མྱོང་ཡོད་ཀྱང་། གནས་ཚུལ་ཅི་ཡིན་མ་ཤེས་ནས་ཉིན་ཞིག་ལ་འདི་ན་ཅི་ཡོད་སྙམ་ནས་ཡོལ་བ་བཀྱག་ནས་བལྟས་དུས། ཞུ་བཙན་གྲགས་རྒྱལ་གྱི་སྐུ་གསོབ་མཐོང་སྐབས་དངངས་སྐྲག་སྐྱེས་ཏེ་བློ་སེམས་མི་བདེ་བར་གྱུར་ནས་མཚན་མོ་ཉལ་བའི་སྐབས་སུ་ཞལ་འབག་ཡིད་ངོར་ཤར་ནས་གཉིད་ཀྱང་མི་ཁུག་པར་གྱུར་སྐད། ཕྱི་ཉིན་བླ་མར་བཀའ་འདྲི་ཞུས་ཏེ། ཁོང་གིས་བཀའ་བསྒོ་མཛད་ནས་སེམས་ལ་དངངས་སྐྲག་་ཞི་འཇག་བྱུང་བའི་གནས་ཚུལ་བཤད་རྒྱུར་ཡོད། རྗེས་སུ་ཡང་བསྐྱར་རྫོང་རྩ་མཚམས་པའི་མདུན་དུ་བཅར་དུས་མཚམས་པས་ཁྱོད་དཱ་རྟ་གོང་ནས་ཁལ་གོང་ལ་འཁྱོང་བཞིན་ཡོད་ཀྱི་རེད་ཟེར་ནས་མཚམས་པས་ཅུང་ཟད་ཡིད་མ་རངས་པའི་ཚུལ་ཙམ་མཛད། མུ་མཐུད་རྫོང་རྩ་མཚམས་པའི་སྐུ་གམ་དུ་བཅར་ནས་བྲུ་ལུགས་ཀྱི་ཆོ་ག་ཕྱག་ལེན་སྐོར་ཅུང་ཙམ་དང་འབྲུ་མའི་བྲིས་གཟུགས། ཞོར་དུ་གཏོར་བཟོའི་ལག་ལེན་གྱི་ཐད་ལ་སྦྱོང་བརྡར་གང་མང་བྱས། སྐབས་དེ་དུས་ཁོང་གི་སློབ་གྲོགས་ཇོག་རོ་ཕྱུག་འབུམ། ཞང་ཞུང་གཡུང་ཤེས། རྡོ་རྐོང་ཆོས་གྲགས། སྟ་ཐུན་སྟག་གྲགས་སོགས་ཡོད་འདུག །
དེ་རྗེས་གཤེར་གཞུང་ལྷ་རྗེ་ནོར་གྲགས་ཀྱི་མདུན་ནས་གཏོར་པར་དང་ཡིག་པར། དཀྱིལ་འཁོར་པར་སོགས་པར་རྐོའི་ལག་རྩལ་བསླབས་ནས་ཕུལ་དུ་བྱུང་ཞིང་དགེ་རྒན་གྱིས་བསྔགས་བརྗོད་ཡང་ཡང་ཐོབ།
སྤྱི་ལོ་༡༩༥༤རང་ལོ་བཅུ་བདུན་ཐོག་ཏུ་བུ་འོག་རྟོགས་ལྡན་གྱི་མདུན་ནས་གཟབ་ཆེན་གཟབ་ཆུང་སོགས་ལ་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་སྦྱངས་འབྲས་ཀྱི་ཡིག་གཟུགས་ཡག་པོ་འབྲི་ཤེས་པ་བྱུང་། བུ་འོག་རྟོགས་ལྡན་ལ་བྲིས་དང་རི་མོའི་ཐོག་ལ་མཁྱེན་རྒྱ་ཡངས་སྟབས་ཁོང་གིས་སྟག་ལའི་བྱེད་ཟློག་བཅའ་བྱེད་ཀྱི་པར་རྩ་ཞིག་བྲིས་ཏེ་པར་རྐོ་རུ་བཅུགས་དུས་པར་རྐོའི་ལག་རྩལ་ལ་གདེང་འཇོག་ཆེན་པོ་གནང་ནས་ཐུགས་མཉེས་པོ་བྱུང་།
སྤྱི་ལོ།༡༩༥༥རང་ལོ་བཅོ་བརྒྱད་དུ་ཁྱིམ་ཚང་འཚོ་བའི་དཀའ་ངལ་ཆེ་བའི་སྟབས་ཀྱི་ནག་རུ་སྨོན་རྒྱལ་བླ་བྲང་དང་། ཀ་ལེགས་དགོན། སྦྲ་ཆེན་ལུང་དཀར་དགོན་བཅས་ལ་འདོན་ཆོག་སྐོར་གྱི་ཡི་གེ་མང་པོ་བྲིས། དེ་རྗེས་རང་ཁྱིམ་ནང་དུ་ཉེར་མཁོ་འདོ་འཇོ་འཁྲི་ཤིང་པོད་གཅིག་བྲིས། ༡༩༥༨ལོར་དགུང་ལོ་ཉེར་གཅིག་ཐོག་ཏུ་ཁྱུང་དཀར་བསྟན་རྒྱས་གླིང་དུ་ཁ་ཆེ་དབུ་མཛད་ཀྱིས་བཀའ་མངག་ལྟར་དུ་ཟླ་བ་གཅིག་ཙམ་རིང་ལ་ས་སྙིང་པོ་ཏི་གཅིག་དང་། ཁམས་ཉིན་དུད་ཚང་ཞིག་ལ་ཞལ་འདོན་པོད་གཅིག་བྲིས། ཁོང་ཉིད་ཡིག་གཟུགས་སྒྱུ་རྩལ་ལ་ཧ་ཅང་མཁས་ཤིང་བྲིས་རྩལ་གྱི་ཐད་ལ་ཆེས་འབུར་དུ་ཐོན་པ་ཞིག་ཡོད་པ་ནི། ཞི་བ་ཨ་གསལ་ལེའུ་རེ་ཉིན་རེར་འབྲི་ཐུབ་པར་གྲགས། སྟེང་ཆེན་ཁར་ཟོམ་མཁན་ཚང་དུ་གཏོར་པར་རིགས་ཟླ་བ་གཅིག་ཙམ་གྱི་རིང་བརྐོས། དེ་ནས་སྟེང་ཆེན་བྱང་གཞུང་དུ་འབྱོར་ལྡན་ཅན་གྱི་དུད་ཚང་ཁ་ལ་ཚང་དུ་གདན་ཞུས་བྱས་ནས་རྣམ་པར་རྒྱལ་བའི་སྒྲུབ་སྐོར་ཆ་ཚང་ཞིག་བྲིས། སྐབས་དེ་དུས་ཁོང་གི་མཉམ་དུ་ཞང་ཞུང་གཡུང་ཤེས་རོགས་པ་ཡོད་འདུག། ཞང་ཞུང་གཡུང་ཤེས་དང་ཁོ་གཉིས་ཕ་ཡུལ་གཅིག་ཡིན་པ་ཙམ་མ་ཚད་ལྟ་བའི་ཁ་ཕྱོགས་མཐུན་ཞིང་ཕན་ཚུན་ཡིད་ཆེས་བློ་གཏད་བཅོལ་སའི་གྲོགས་པོ་རྩ་ཆེན་ཞིག་ཀྱང་ཡིན།

གསུམ་པ་དངོས་གཞིའི་སེམས་ཁྲིད་དང་གདམས་པ་ཉམས་ལེན་གནང་བ།
སྤྱི་ལོ༡༩༥༩ལོ་སྟེ། རང་ལོ་ཉེར་གཉིས་ཐོག་གྲུབ་པའི་ཁྱུང་མཆོག་མཛོ་བྱ་བྲལ་འགྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན་གྱི་སྐུ་མདུན་ནས་དྲན་པ་ཡབ་སྲས་ཀྱི་སྔོན་འགྲོ་དང་འཕོ་བ་འཇའ་གུར་མ། དངོས་གཞིའི་སེམས་ཁྲིད་བཅས་ཞུ་བའི་སྐལ་བཟང་ཤར། དངོས་གཞིའི་སེམས་ཁྲིད་ལ་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར། ཡིད་ཆེས་ཐག་ཆོད་མ་བྱུང་བར་དུ་གདར་ཤ་ལེགས་པོ་བཅད། རྩ་བའི་བླ་མས་བཀའ་དགོངས་གཞིར་བཟུང་ཐོག་ཁོང་ཚོ་ཉིན་བདུན་རེའི་ནང་དུ་ཡབ་སྲས་ཚོགས་འཁོར་རེ་འདོན་དགོས། ཁོང་གི་མཆེད་གྲོགས། གླ་བ་ཚེ་དབང་ཕྱུག། རྒྱ་རུ་རྒན་པོ། གུ་ཆོ་གཡུང་དྲུང་། ཞང་ཞུང་གཡུང་ཤེས་བཅས་ཡོད། ཁོ་ཚོ་རོང་པ་ཡིན་སྟབས་ཚོགས་འཁོར་གྲུབ་པའི་དགོང་མོ་དེར་ཆང་ཅུང་ཙམ་རེ་འཐུང་རྒྱུ་གནང་གི་ཡོད། སྐབས་དེར་དུས་བབ་ཟ་ཟིང་གི་སྐབས་ཡིན་པས། ཕར་ཀའི་རྣ་ཚང་གདོང་ཞེས་པའི་ས་གནས་དེ་ནས་རྐྱ་མི་ཡོང་མཁན་གནས་ཚུལ་མཐོང་དུས་ཁོང་ཚོ་རི་གསེང་ལ་ཐེངས་མང་པོ་གབ་དགོས་བྱུང་། ཕོ་ལུང་སྦྱངས་པའི་སྐབས་སུ་ས་གནས་དེར་འདུག་མ་ཕོད་ན་དཀའ་ངལ་དུ་མ་འཕྲད་སྐབས་བླ་མ་རིན་པོ་ཆེའི་སྦྱིན་བདག་ཡུལ་པ་ཚང་ཞེས་པའི་མི་ཚང་ཞིག། རབ་ཡོབ་སྒེས་ཀྱི་ཉེ་འགྲམ་ཨ་ཡུ་ལྷས་ཞེས་པའི་རི་གསེང་ཅིག་ལ་ཡོད་པས་དེར་འགྲོ་རུ་བཅུགས་ཏེ། ཉིན་བདུན་གྱི་རིང་དུ་འཕོ་ལུང་དེ་རུ་སྦྱངས། ཞོར་དུ་སྐར་མ་ལྟ་རྒྱུ་སོགས་ལ་སློབ་སྦྱོང་བྱས། འགྲུ་སྒོམ་རིན་པོ་ཆེ་ནས་ཐུགས་ཁུར་ཆེས་བསྐྱེད་ངང་ནས་ཞལ་འདོན་གྲས་ནས་ཡི་གེ་ལེའུ་ཆུང་འགའ་ཙམ་དད་པའི་རྟེན་དུ་གནང་། རྗེས་སུ་རང་ཁྱིམ་ནང་དུ་ཞི་ཁྲོ་སྒྲུབ་སྐོར་གཙོས་པའི་ཡི་གེ་དུ་མ་ཞིག་བྲིས་ཡོད་ཀྱང་། རིག་གནས་གསར་བརྗེའི་ལས་འགུལ་ཛ་དྲག་སྐབས་ཞི་ཁྲོ་སྒྲུབ་སྐོར་དང་དེ་མིན་ལེའུ་ཆུང་རེ་འགའ་མ་གཏོགས་གཞན་མེ་ཆུའི་གསེང་ལ་ཐིམ་ནས་ད་ལྟ་མཇལ་ཡུལ་དུ་མ་གྱུར།
བཞི་པ་རང་ཡུལ་དུ་རིག་གནས་ཀྱི་ཕྱག་ལས་གནང་བའི་སྐོར།
སྤྱི་ལོ་༡༩༧༡ ལོར་རང་ལོ་སུམ་ཅུ་སོ་གསུམ་ཐོག་ཏུ་སྟེང་ཆེན་རྫོང་དུ་མི་དམངས་ཀུང་ཧྲི་འཛུགས་རྒྱུའི་དུས་སྐབས་སུ་ཁེལ་བས་ཟམ་ཞིག་ཤང་གི་དྲུང་ཡིག་སྦྱང་དུ་མངགས། ཁོང་ལ་སྐབས་དེ་དུས་རྩིས་དྲུག་གི་ཐོག་ནས་ཨང་དང་པོའི་གཟེངས་བསྟོད་ཐོབ། སྟེང་ཆེན་རྫོང་གི་མི་བཟང་ལས་བཟང་ལ་ངོས་འཛིན་བྱས་ནས་དགེ་རྒན་གྱི་གྲས་སུ་གདམས་ཐོན་བྱུང་།རང་ལོ་སོ་བཞིའི་ཐོག་ཏུ་རྗེས་ཟ་ཚེ་རིང་སྐྱིད་ཀྱི་ལྷན་དུ་ཞང་པོ་ཚང་ནས་ལོགས་སུ་སོང་སྟེ་ཁྱིམ་གཞིས་གསར་དུ་བཟུང་། དེ་ནས་ལོ་འགའ་ལ་ཟམ་ཞིག་ཤང་གི་དྲུང་ཡིག་བྱས། རྗེས་སུ་ཀུང་ཧྲི་བགོ་ཆེན་རྒྱབ་དུས་ཟམ་ཞིག་ཤང་གྲོང་ཚོ་སོ་སོར་ཤེས་ཡོན་དང་ལྷག་དོན་དཔལ་འབྱོར་གཏོང་ཡོང་སྐབས་རྩིས་རིག་གི་ཐོག་ནས་དཀའ་ངལ་ཆེ་བའི་སྟབས་ཀྱིས་ཁོང་ཉིད་གདན་འདྲེན་ཞུ་བཞིན་ཡོད། སྤྱི་ལོ་༡༩༧༦ལོར་རང་ལོ་སོ་བརྒྱད་ནས་ལོ་འགའ་ལ་གནས་བར་རུ་ཁག་གི་དྲུང་ཡིག་དང་བདག་ཉར་བྱས། སྐབས་དེ་དུས་ཡུལ་མི་དེ་གའི་དུད་ཚང་མང་པོ་ཞིག་གི་མཆོད་ཆས་དང་ཡི་གེ་འགའ་ཙམ་ཞིག་ཁོང་གིས་ཉར་ཚགས་བྱེད་ཐུབ་པ་བྱུང་ཡོད། ༡༩༨༡ལོ་རང་ལོ་ཞེ་གསུམ་ཐོག་ཏུ་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་དང་ཐོག་ཆོས་དད་རང་མོས་ཀྱི་ལག་བསྟར་དོན་འཁྱོལ་བྱུང་སྐབས། ཁོང་གིས་ཉར་ཚགས་གནང་བའི་མཆོད་ཆས་ཡིག་གསུམ་གང་ཡོད་བདག་པོ་རང་རང་ལག་ཏུ་སྤྲད་ཐུབ་པ་བྱུང་ཡོད།
རྗེས་སུ་མཛོ་དགེ་བཤེས་བསྟན་འཛིན་འོད་ཟེར་དགེ་རྒན་བསྟེན་ནས་ཆོ་ག་ཕྱག་ལེན་གྱི་སྐོར་དང་དབང་ལུང་མན་ངག་གྲངས་མང་ཞུས་ཏེ་ཡུལ་མི་དེ་དག་ལ་རྒྱུ་འབྱོར་ཡོད་མེད་ཀྱི་ཁྱད་པར་མེད་པའི་ཐོག་ནས་གསོན་པོའི་སྐུ་རིམ་དང་ཤི་བོའི་དགེ་སྐུལ་དང་འབྲེལ་བའི་དུར་ས་འདེབས་རྒྱུ། སྐར་མ་ལྟ་རྒྱུ་སོགས་སྐུ་ཚེ་ཧྲིལ་པོར་རིག་གནས་ཀྱི་ཞབས་ཞུ་སྒྲུབ་གནང་མཛད། ཁོང་གི་མཁྱེན་དཔྱོད་རྩལ་ལས་འཁྲུངས་པའི་ཡོན་ཏན་དེ་དག་སློབ་མ་བརྒྱ་ཕྲག་མང་པོ་སྐྱེ་བསྲིང་གནང་ནས་ད་ལྟའི་ཆར་ཁོང་གི་སློབ་བུའི་གྲས་སུ་གྱེར་དབྱངས་གདང་གསུམ་ལ་མངའ་བསྙེན་པའི་ཆོ་ག་མཁན་དང་། བྲིས་པ། པར་རྐོའི་ལག་ཤེས་བཅས་ལ་མཁས་པའི་སློབ་མ་གང་མང་ཞིང་གནས་དང་གནས་མུས་ཡིན། ཁོང་གི་ཀུན་སྤྱོད་བྱང་ཚད་ནི་ཆེས་འབུར་དུ་ཐོན་པ་ཡོད་པས་རྟག་ཏུ་ཡ་རབ་སྤྱོད་བཟང་དང་། ལྷག་བསམ་དྲང་བདེན་ཕྱོགས་ལ་བསྐྱོད་མཁན་ཞིག་ཡིན་པ་དང་ཀུན་གྱིས་མིག་ལྟོས་བྱ་སའི་སྐྱེས་བུ་ཞིག་ཡིན་པར་ཡུལ་མི་རྒན་གྲས་ཚོའི་ངག་ལམ་ནས་ཡང་ཡང་གྲགས། མཐར་བོད་ས་གླང་ལོ་༢༠༠༩ལོར་དགུང་གྲངས་བདུན་བཅུ་དོན་གསུམ་ཐོག་སྐུ་གཤེགས། སྐབས་དེར་ཡུལ་མི་ཚོས་ཁོང་གི་བཀའ་དྲིན་དྲན་པའི་མོས་གུས་ལ་བརྟེན་ནས། གདུང་སེམས་མཉམ་བསྐྱེད་ངང་ནས་འདས་མཆོད་ཀྱི་དགེ་རྩ་གང་འཚམ་བསྒྲུབས་པར་བྱས། ཁོང་ནི་རྣམ་དཔྱོད་ཅན་གྱི་མི་སྣ་ཞིག་ཡིན་པ་མ་ཚད་བྱ་བ་གང་ཞིག་གི་སྒོ་རུ་འཇུག་ན་འབད་བརྩོན་གནང་ནས་གྲུབ་འབྲས་རྒྱལ་ཁ་གཟེངས་སུ་ཐོན་མཁན་ཞིག་ཡིན་པ་དང་། རང་རེའི་བསྟན་པ་ལ་ལྷག་བསམ་རྣམ་པར་དཀར་ཞིང་རིགས་ལ་དུང་ཞེན་ཆེ་བའི་མི་ཞིག་ཡིན་པར་ཁོང་གི་མཛད་སྤྱོད་ལ་བརྟག་ན་དཔོག་ཐུབ་ཀྱི་ཡོད།
སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་འདི་འབྲི་དགོས་པའི་དམིགས་ཡུལ་ནི་ཆེ་འདོད་གྲགས་འདོད་ཆེད་དུ་མ་ཡིན་ཞིང་། བོད་རང་ས་རང་ཡུལ་འཚར་ལོངས་བྱུང་ནས་རྒྱ་ཆེ་ས་ནས་བཤད་ནས་སྤྱིར་བསྟན་པ་འཛིན་ཟེར་ན་ཁ་སྟབས་དཔགས་པའི་ལག་རྗེས་ཤིག་ཡིན་པ་དང་། ཡང་དགོས་སུ་རང་མི་རིགས་སྲོལ་རྒྱུན་རིག་གནས་དག་ལ་དགའ་ཞེན་བྱས་པའི་ལག་རྗེས་མི་ཉུང་ཞིག་ཡོད་པ་བསྟེན་ནས་བྲིས་པའི་ཁུལ་ཙམ་བགྱིའོ།།
གསལ་བཤད་ཞུ་རྒྱུ་ལ། ཞང་ཞུང་གཡུང་ཤེས་གཙོས་པའི་ཁོང་ལ་རྒྱུན་མངའ་ཆེ་བའི་ཡུལ་མི་རྒན་གྲས་འགའ་ཡི་ངག་རྒྱུན་བཞིན་དོན་དངོས་ཀྱི་གནས་སྟངས་ཇི་བཞིན་ཡི་གེ་བྲིས་པའི་ཚུལ་དུ་ཡིན། ལོ་རྒྱུས་བྲི་བ་ཧ་ཅང་གི་སྙོག་འཛིན་ཅན་ཞིག་ཡིན་པས་དོན་དངོསཀྱི་ཡིན་ལུགས་ཇི་བཞིན་འབྲི་བ་ལ་དཀའ་ངལ་ཆེ་སྟབས་ཆད་ལྷག་ནོར་འཁྲུལ་ཅི་མཆིས་དྲན་དབང་དག་ལ་བཟོད་གསོལ་ཞུ་བར་འཚལ།

རྩོམ་ཡིག་འདིའི་ཡོང་ཁུངས། སྤུ་རྒྱལ་ཤེས་རིག་དཔྱད་གླེང་རྩོམ་དེབ་འདོན་ཐེངས་བདུན་པའི་ནང་ནས་དྲངས།