ཆུང་རྒྱུད་བྲིས་པ་བསམ་འཕེལ་ནོར་བུ། 

[ཟླ་ཚེས། 2022-12-04 22:37:45][རྩོམ་པ་པོ། དམར་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཆུང་རྒྱུད་བྲིས་པ་བསམ་འཕེལ་ནོར་བུ་ནི་སྤྱི་ལོ་1998ལོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁྱུང་པོ་སྟེང་ཆེན་རྫོང་ཟམ་ཞིག་གྲོང་ཚོའི་ཆུང་རྒྱུད་ཚང་དུ་སྐྱེས།   ཆུང་དུས་རང་ཡུལ་གྱི་སློབ་ཆུང་འགྲིམས།  དེའི་རྗེས་སྤྱི་ལོ་༢༠༡༠ལོར་ནས་ཁོང་གི་ཡབ་ཆུང་རྒྱུད་ཚེ་དབང་མཐར་ཕྱིན་གྱི་མདུན་ནས་ཡིག་གཟུགས་ལ་ཆེད་སྦྱངས་ཧུར་བརྩོན་བྱས་མཐར་སྤྱི་ལོ་༢༠༡༣ལོར་ཁྱུང་ཡུལ་གྱི་རྒྱལ་བའི་བཀའ་འགྱུར་གསེར་བྲིས་མའི་ཡིག་མཁན་གྱི་གྲལ་དུ་ཚུད།  ད་དུང་རང་ཉིད་ཀྱི་ཡིག་གཟུགས་གོང་འཕེལ་གཏོང་ཐབས་ལ་འབད་པ་ལྷོད་མ་མྱོང་ཞིང་། དུས་དང་རྣམ་པ་ཀུན་ཏུ་ཕ་རྒན་ཚེ་དབང་མཐར་ཕྱིན་གྱིས་སློབ་སྟོན་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་གང་ཐུབ་བྱས།    སྤྱི་ལོ་༢༠༡༨ལོར་༼ཡིག་གཟུགས་ཀུན་བཏུས་གསེར་ཐང་ཆེན་མོ༽ཞེས་པ་འཛམ་གླིང་ཅི་ཉི་སའི་ཟིན་ཐོར་ཚུད་པ་དེ་བཞེངས་སྐབས་ཡིག་མཁན་ཚད་ལྡན་གྱི་གྲལ་དུ་བདམས་ཐོན་བྱུང་།  ད་ལྟ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཛེས་རྩལ་མཁས་ཅན་ལྷན་ཚོགས་ཀྱི་ཨུ་ཡོན་དང་།  ཁྱུང་པོ་རྩེ་དྲུག་དགོན་པའི་བཀའ་འགྱུར་གསེར་བྲིས་གླིང་གི་རྩེར་སོན་གསེར་བྲིས་པ་ཡིན།     དམིགས་གསལ་ཞུ་བྱ་ནི་ཁོང་ཉིད་བློ་བརྟན་ཞིང་སེམས་རྣལ་དུ་ཕབས་ཐུབ་པའི་མི་ཞིག་ཡིན་པས།  ཁོས་གསུང་རབ་གང་བྲིས་ཀྱང་དག་སྣང་སྦྱང་བ་དང་གཟབ་ཚུལ་ལེགས་པ། དང་དོད་ཆེ་བས།  ཡིག་འབྲུ་རེ་རེའི་ལྷུ་ཚུགས་ཀྱི་ཉམས་འགྱུར་ལེགས་ཤིང་།   ཆད་ལྷག་མེད་པ་སོགས་ཀྱི་དགེ་མཚན་ཤིན་ཏུ་མང་། དུས་རྒྱུན་གསུང་རབ་རིན་པོ་ཆེ་གསེར་བྲིས་དངུལ་བྲིས་ཀྱི་ལས་ལ་འབད་བརྩོན་ཆུ་བོའི་རྒྱུན་ལྟར་སྐྱོང་བཞིན་ཡོད་པ་ལགས་སོ། །

ཆུང་རྒྱུད་བྲིས་པ་བསམ་འཕེལ་ནོར་བུ་ལགས་ཀྱི་ཡིག་གཟུགས་སྐོར་ཞིག །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།