གཤེན་སྲས་རིན་པོ་ཆེའི་མཛད་རྣམ་རྒྱལ་གཤེན་དགྱེས་པའི་མཆོད་སྤྲིན།

[ཟླ་ཚེས། 2018-11-07 21:33:03][རྩོམ་པ་པོ། གཤེན་བཙུན་ཉི་མ་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20181107152335.jpg

༄༅། །དམུ་རིགས་གཤེན་གྱི་གདུང་ལས་ད་ལྟའི་གཤེན་ཡབ་སྲས་ཡུམ་དང་བཅས་པའི་མཛད་རྣམ་མདོར་བསྡུས་རྒྱལ་གཤེན་དགྱེས་པའི་མཆོད་སྤྲིན

གཤེན་རབ་ཀུན་གྱི་མཆོག་གྱུར་ཐོད་དཀར་སྲས། །

སྲས་མཆོག་དེ་ཡི་བརྒྱུད་འཛིན་དབྱིག་གི་ནོར། །

ནོར་བུ་ཀུན་ལས་རྣམ་རྒྱལ་དམུ་རིགས་བུ། །

བུ་རྒྱུད་དྲི་བྲལ་སྲིད་གསུམ་ཡོངས་ལ་དབང་། །

དབང་འགྱུར་འཁོར་ལོས་ཉོན་མོངས་ཀུན་ལས་རྒྱལ། །

རྒྱལ་བསྟན་ཉིན་མོར་བྱེད་ལ་མཆོད་ཅིང་བསྟོད། །

ཅེས་པའི་མཁྱེན་གསོལ་གྱི་གདུང་དབྱངས་ཤོ་ལོ་ཀ་དེ་ཡིས་མདུན་བསུས་ཏེ་འདིར་དམུ་རྒྱལ་གཤེན་གྱི་གདུང་རབ་དང་འབྲེལ་བའི་སྒོ་ནས་ད་ལྟའི་གཤེན་ཡབ་སྲས་རྣམས་པའི་མཛད་རྣམ་ཞིག་འགོད་པར་སྤྲོ

སྤྱིར་ལོ་རྒྱུས་ཐོག་ཡོངས་གྲགས་སུ་གདུང་རྒྱུད་ཆེ་དྲུག་ཡོད་པའི་ནང་ནས་དམུ་རིགས་གཤེན་ལྷའི་གདུང་རྒྱུད་ནིབསྟན་འབྱུང་ལྷ་རྒྱུད་འཕྲེང་བ་ལསདེ་ཡང་རྒྱལ་རིགས་གཤེན་གྱི་གདུང་རབས་ཀྱི་རྩ་བབསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་སམ་སྟོང་རྩ་བརྒྱད་བྱོན་རབས་དང་འབྲེལ་དགོསཞེས་གསུངས་པ་ལྟརདང་ཐོག་བསྐལ་སྟོང་སངས་རྒྱས་བྱོན་ཚུལ་དང་སྲིད་པའི་གྲོལ་ཚུལ་སོགས་བརྒྱུད་དེ་སངས་པོ་འབུམ་ཁྲི་དང་ཆུ་ལྕམ་རྒྱལ་མོ་གཉིས་ཀྱི་རྒྱུད་ལས་སྲིད་རྗེ་འབྲང་དཀར་དང་གཉན་རུམ་རྗེགནམ་ལྷ་དཀར་པོ་རྣམས་རིམ་པར་བྱུང་ཞིང་གནམ་ལྷའི་གདུང་རྒྱུད་ཁ་ཡེ་དམུ་ལ་འཐེན་སོགས་འཐེན་དགུ་རུ་གྲགས་པ་དེ་རྣམས་བྱུང་བའི་ཐ་མ་ལ་འོད་གསལ་དམུ་ལ་འཐེན་གྱི་རྒྱུད་ལས་རྒྱལ་པོ་དམུ་ཕྱུག་སྐྱེས་ཞོན་དུ་གྲགས་པ་དེ་བྱུང་བར་གསལ་ལདམུ་ཕྱུག་སྐྱེས་ཞོན་གྱི་སྲས་རྒྱུད་དུ་ལམ་པ་ཕྱག་དཀར་སོགས་རིམ་པར་བྱུང་སྟེརྒྱལ་བོན་ཐོད་དཀར་བར་གདུང་རབས་བཅུ་དགུ་བྱུང་བར་གསལབདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེ་ནས་གཤེན་ནམ་མཁའ་སྣང་བ་མདོག་ཅན་ཡན་བླ་རབས་གསུམ་ལ་གཤེན་སྲས་སྐྱེས་བུ་ཆེན་པོ་བཅུ་དྲུག་བྱོན་པ་གསལསྟོན་པ་མཆོག་གི་སྐུ་སྲས་གདུང་རྒྱུད་འཛིན་པ་ནི་ཀོང་བཟའ་ཁྲི་ལྕམ་ལས་འཁྲུངས་པའི་རྒྱལ་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་མཆོག་གི་སྲསའབྲུག་གི་རྒྱལ་པོདེའི་གདུང་འཛིན་དམུ་བོན་ཡེའུ་ཐན༼ཡོའུ་བརྟན་༽དེའི་གདུང་འཛིན་དམུ་བོན་མཐོང་རོལ༼དམུ་ཐང་ལྷ་༽དེའི་གདུང་འཛིན་སྲས་དམུ་སྐྱེ་ལེགས༼དམུ་བོན་སྐྱེས་ཚལ་༽དེའི་གདུང་འཛིན་དམུ་གཤེན་གྲོལ་བདེའི་གདུང་འཛིན་དམུ་ཁ་སྤོ་མི་སྤོདེའི་གདུང་འཛིན་དམུ་རྗེ་ཡོངས་རྒྱལདེའི་གདུང་འཛིན་དམུ་ཁ་ཡེ་མུ་ཡེདེའི་གདུང་འཛིན་གཤེན་དམུ་ལོ༼དམུ་ལེ་ཡོལ་བ་༽དེའི་གདུང་འཛིན་དམུ་ལྟེ་འབྲུམ་བུདེའི་གདུང་འཛིན་དམུ་རྗེ་ཡང་རྒྱལདེའི་གདུང་འཛིན་རྣམས་བསྟན་པ་ཉམས་གུད་ཀྱི་དབང་གིས་ཤར་ཙོང་ཁའི་ཡུལ་དུ་བྱུང་གསུངས་ཀྱང་ཕྱིས་སུ་དེའི་གདུང་རབས་ཟམ་མ་ཆད་པར་བྱོན་པའི་གདུང་སྲས་ནིདམུ་བཀྲ་གསལ་ཀླུ་ཡི་རྒྱལ་པོདེའི་གདུང་འཛིན་གཤེན་མི་གཡོ་མགོན་པོདེའི་གདུང་འཛིན་གཤེན་དཔལ་མགོན་གསསདེའི་གདུང་འཛིན་གཤེན་ཆེན་ཀླུ་དགའདེའི་གདུང་འཛིན་རྒྱལ་སྲས་རིན་ཆེན་རྒྱལ་མཚནདེའི་གདུང་འཛིན་གཤེན་སྨན་རྒོདདེའི་གདུང་འཛིན་གཤེན་དམ་པ་རྒྱལ་ཚབདེའི་གདུང་འཛིན་གཤེན་ཇོ་བཀྲདེའི་གདུང་འཛིན་སྲས་ཇོ་རྩེདེའི་གདུང་འཛིན་སྲས་ཇོ་རྒྱལདེའི་གདུང་འཛིན་དཔོན་གསས་ཤེས་རབ་རྒྱལ་མཚནདེའི་གདུང་འཛིན་དཔོན་གསས་ཁྲོ་འབུམདེའི་གདུང་འཛིན་དཔོན་གསས་སེང་གེ་གྲགས་པདེའི་གདུང་འཛིན་གཤེན་དཔལ་འོད་དརདེའི་གདུང་འཛིན་ཀུན་དགའ་དཔལ་ལྡནདེའི་གདུང་འཛིན་སྤྲུལ་སྐུ་ཨ་སྐྱིད་དཔལདེ་ཡན་ལྷ་རྗེ་ཇོ་བཀྲའི་སྲས་རྒྱུད་དོ། །ཡང་གཅིག་གཤེན་དམ་པ་རྒྱལ་ཚབ་ཀྱི་སྲས་ཆེ་འོག་ལྷ་རྗེ་ཇོ་འབྲུག་གི་གདུང་འཛིན་དཔོན་གསས་ཇོ་འགྲུབ་འབུམདེའིགདུང་འཛིན་གཤེན་སྲས་འབུམ་དརདེའི་གདུང་འཛིན་གཤེན་གཡུང་དྲུང་ཁྲོ་རྒྱལདེའི་གདུང་འཛིན་གཤེན་རྒྱལ་མཚན་གྲགས་པདེའི་གདུང་འཛིན་རྒྱལ་མཚན་སེང་གེདེའི་གདུང་འཛིན་མཁན་པོ་དབང་གྲུབ་རྒྱལ་མཚནདེའི་གདུང་འཛིན་མཆོག་ལེགས་རྒྱལ་མཚན་ཀླུ་གྲུབ་རྣམ་རྒྱལདེའི་གདུང་འཛིན་དམུ་གཤེན་ཉི་མ་རྒྱལ་མཚནདེའི་གདུང་འཛིན་གཤེན་ཁྲི་འོད་རྒྱལ་མཚནདེའི་གདུང་འཛིན་ནམ་མཁའ་རྒྱལ་མཚནདེའི་གདུང་འཛིན་གཡུང་དྲུང་ཉི་རྒྱལདེའི་གདུང་འཛིན་རྒྱལ་བ་ལྷུན་གྲུབ་གཙུག་ཕུད་འོད་ཟེརདེའི་གདུང་འཛིན་རྒྱལ་བ་ཚེ་དབང་ལྷུན་གྲུབདེའི་གདུང་འཛིན་གཡུང་དྲུང་ཉི་མའི་རྒྱལ་པོདེའི་གདུང་འཛིན་གཤེན་ལུག་ལོ་བ་བསྟན་འཛིན་དབང་གི་རྒྱལ་པོདེའི་གདུང་འཛིན་གཤེན་ཚེ་དབང་མཆོག་ལེགས་རྣམ་རྒྱལདེའི་གདུང་འཛིན་དམུ་གཤེན་ཆེན་པོ་བསོད་ནམས་ཕུན་དབང་དེའི་གདུང་འཛིན་གཡུང་དྲུང་ཕུན་ཚོགས་བསྟན་དརདེའི་གདུང་འཛིན་གཤེན་བསྟན་པ་དར་རྒྱསདེའི་གདུང་འཛིན་གཤེན་དཔལ་ལྡན་རྣམ་རྒྱལ་སྐུ་མཆེད་གསུམ་ནས་རྫོགསཡང་གཅིག་འབྲིག་མཚམས་སུ་བཞུགས་པའི་གཤེན་འབུམ་མེ་ནག་པོའི་སྲས་གཤེན་བྱང་ཆུབ་བློ་གྲོསདེའི་གདུང་འཛིན་གཤེན་ལེགས་བྱང་ཆུབདེའི་གདུང་འཛིན་གཤེན་སྲས་མགོན་པོདེའི་གདུང་འཛིན་གཤེན་རིན་དཔལ་བཟང་དེའི་གདུང་འཛིན་མཁས་བཙུན་བཟང་པོ་དཔལ་ཉིད་ནས་རྫོགསདེ་ཡན་ནི་གཤེན་མ་ཚང་གི་གདུང་རབས་དྲི་མ་མེད་པ་ཡིན

གཤེན་ཁག་གཉིས་སུ་སོང་བའི་གདུང་རབས་ནིགཤེན་རྣམ་པར་རྒྱལ་བའི་སྲས་བགྲེས་པ་ལྷུན་གྲུབ་དཔལ་བཟང་གི་རིང་ལ་ཁག་གཉིས་སུ་སོང་སྟེགཤེན་ལྷུན་གྲུབ་དཔལ་བཟང་གི་གདུང་འཛིན་ལྷུན་གྲུབ་རྒྱ་མཚོདེའི་གདུང་འཛིན་ལྷུན་གྲུབ་རྒྱལ་པོདེའི་གདུང་འཛིན་བསྟན་འཛིན་ཚེ་དབང་ལྷུན་གྲུབ་ཕུན་ཚོགསདེའི་གདུང་འཛིན་གཤེན་ལྷུན་གྲུབ་དབང་རྒྱལདེའི་གདུང་འཛིན་གཤེན་ཚེ་དབང་བསྟན་འཛིན་ནོར་བུདེའི་གདུང་འཛིན་གཤེན་ཚེ་རིང་རྒྱལ་པོདེའི་གདུང་འཛིན་གཤེན་དོན་གྲུབ་མཚན་ཅནདེའི་གདུང་འཛིན་གཤེན་ཉི་ཟླ་ཚེ་དབང་དེའི་གདུང་འཛིན་གཤེན་འཛམ་གླིང་དབང་འདུསདེའི་གདུང་འཛིན་གཤེན་ཉི་མ་འབུམ་གསལདེའི་གདུང་འཛིན་གཤེན་སྲས་ནོར་བུ་དབང་རྒྱལདེའི་གདུང་འཛིན་གཤེན་སྲས་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་དང་་གཡུང་དྲུང་རང་གྲོལ་ཉི་མ་རྣམ་གཉིས་བཅསདམུ་རིགས་གཤེན་གྱི་གདུང་འཛིན་ཟམ་མ་ཆད་པར་བྱོན་པའི་གཅིག་རྒྱུད་ཀྱི་གདུང་རབས་མཚན་རིམ་དེའི་ནང་སྟོན་པ་གཤེན་རབ་མི་བོ་ནས་ད་ལྟའི་སྐུ་འཚོ་བཞུགས་གཤེན་སྲས་ནོར་བུ་དབང་རྒྱལ་ཡན་ལ་རྒྱུད་པའི་ཟམ་མ་ཆད་པར་ལོ་རྒྱུས་ཐོག་ཏུ་མཚན་རིམ་གསལ་བ་རྣམས་ལ་གཞིག་ཚེགདུང་རབས་བརྒྱད་བཅུ་གྱ་དྲུག་ཙམ་སོང་བའི་ནང་རྣམ་འདྲེན་བླ་ཆེན་སྐྱེས་བུ་དམ་པ་བརྒྱ་དང་བརྒྱད་བཅུ་གྱ་བརྒྱད་ཙམ་སོང་བ་ནི་གསལ་བར་ཤེས་ཐུབདེའི་ནང་ཚན་དམུ་རིགས་གཤེན་གྱི་བསྟན་པའི་བདག་ཉིད་ད་ལྟའི་སྐུ་འཚོ་བཞུགས་ཀྱི་སྐྱབས་རྗེ་དམ་པ་གཤེན་སྲས་རིན་པོ་ཆེ་སྤྲུལ་སྐུ་ཉི་ཟླ་དབང་གྲགས་མཚན་ནམ་ནོར་བུ་དབང་རྒྱལ་མཆོག་ནིརིགས་སྲས་དམ་པ་རྒྱལ་བའི་མྱུ་གུ་སྟེམཆོག་ཉིད་ཀྱི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་བསམ་གྱི་མི་ཁྱབ་པ་རྣམསབདག་འདྲའི་སོ་སྐྱེ་ཕལ་པ་ཞིག་གིས་དཔྱོད་ཡུལ་གཏན་ནས་མིན་ནའང་ཐུན་མོང་ཕྱི་ཡི་རྣམ་ཐར་སྐོར་ཞིག་གུས་པས་བསྐུལ་བར་བརྟེནཁོང་ཉིད་ཀྱིས་གསུང་གནང་བ་གཞིར་བཟུང་ནས་སྒྲོ་སྐུར་སོགས་ཀྱི་མ་ལྷད་པར་དྲང་བརྗོད་ཀྱི་ལམ་ནས་བཀའ་དྲིན་རྗེས་དྲན་གྱིརྟེན་དུ་ལོ་རིམ་གྱི་སྒོ་ནས་ཆུ་བོའི་ཞུར་རྒྱུན་བཞིན་རྣམ་ཐར་མདོར་བསྡུས་ཤིག་འགོད་པར་བྱ་བ་ལདེ་ཡང་གང་ཉིད་ཀྱི་འཁྲུངས་ཡུལ་ནིལུང་ལསདམུ་རྒྱལ་གཤེན་གྱི་གདུང་འཛིན་དུགཤེན་སྲས་ནོར་དབང་བྱ་བ་འབྱུང་ངེས་མེད་མཛད་པ་སྣ་ཚོགས་སྐྱོང་ལྔ་བརྒྱའི་འགྲོ་ཁམས་འདྲེན་མཛད་པགདུང་འཛིན་བླ་མར་གསོལ་བ་འདེབསཅེས་གསུངས་པ་ལྟར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་རྣམ་འདྲེན་རྫོགས་པའི་སངསརྒྱས་ཀྱི་གདུང་རྒྱུད་འཁྲུལ་བ་མེད་པ་གསེར་གྱི་ཉག་ཐག་ལ་རིན་པོ་ཆེའི་ཕྲེང་བ་བརྒྱུས་པ་ལྟར་གནས་པའི་རྒྱལ་རིགས་གཤེན་ཚང་ངམ་དམུ་རིགས་གཤེན་གྱི་སྐྱེས་ཆེན་དམ་པ་རྣམས་པའི་འཁྲུངས་གནས་གཤེན་ཚང་ཕོ་བྲང་དུ་ལུང་ཟིན་གྱི་སྐྱེས་ཆེན་དམ་པ་ཡབ་གཤེན་ཆེན་ཉི་མ་འབུམ་གསལ་དང་ཡུམ་མཐོང་སྨོན་དབུ་མཛད་ལྷ་བའི་སྲས་མོ་བསྟན་འཛིན་མཚོ་རྒྱལ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༩༥༦ལོར་དགེ་ལེགས་ཀྱིས་རྟགས་མཚན་དུ་མ་དང་བཅས་གཟུགས་སྐུ་མངོན་པར་འཁྲུངསསྤྱི་ལོ་༡༩༦༠ལོར་དགུང་ལོ་ལྔར་ཕེབས་སྐབས་རི་རྒྱལ་དགོན་ཁྲི་བརྟན་ནོར་གླིང་གཙུག་ལག་ཁང་དུ་གཤེན་གྱི་བླ་བརྒྱུད་རིམ་བྱོན་གྱི་གསེར་ཁྲི་ལ་ཞབས་གསོལ་གདན་ཞུས་མཛད་པའི་སྐབསམཁན་ཆེན་བསྟན་འཛིན་རྒྱལ་མཚན་གྱིས་དམུ་རྒྱལ་གཤེན་ལ་རྩེ་གཅིག་དད་པའི་སྒོ་ནས་ཕུལ་བས་སྐུ་ཚེ་འཕོ་མེད་རྒྱུན་རིང་བརྟན་པའི་ཆེདགསོལ་འདེབས་འདི་ལྟར་གསུངས་ཏེཨེ་མ་ཧོརྒྱལ་བསྟན་ཉིན་བྱེད་གསེར་གྱི་ལྷ་ལམ་ལས། ། རྒྱལ་སྲས་རྣམ་རོལ་ལོང་སྐུའི་ཉི་ཤར་བསརྒྱལ་བསྟན་གསལ་ཞིང་སྐྱེ་དགུའི་གཙུག་རྒྱན་མཆོག རྒྱལ་གཤེན་གདུང་འཛིན་བསྐལ་བརྒྱར་ཞབས་བརྟན་ཤོག ཅེས་གསུངས་ཡོད་པ་གཤེན་གྱི་ཚོགས་འདོན་ནང་གསལདེའི་རྗེས་ལོ་འགའ་ཤས་ཡབ་ཡུམ་གྱི་ལྷན་དུ་དང་པོའི་ཡི་གེ་ཀློག་འདོན་སོགས་འགོ་ཙམ་སྟེ་བཞུགསདུས་འགྱུར་སྐབས་ཡུམ་སྲས་གཉིས་ཐུན་མིན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་པའི་གནས་སོགས་ལ་སྦྱངས་པ་མཛད་རྒྱུ་ནི་དེ་བས་བརྗོད་ཐབས་བྲལདགུང་ལོ་ཉི་ཤུ་རྩ་གསུམ་ཕེབས་པ་ས་ཕོ་རྟ་སྤྱི་ལོ་༡༩༧༨ལོར་ཏང་གི་ཆོས་ལུགས་དད་མོས་སྲིད་ཇུས་རང་དབང་མངོན་འགྱུར་གྱི་དཔྱིད་རླུང་དལ་པོར་བག་ཕེབས་ཀྱི་སྒོ་ནས་གངས་རིའི་ལྗོངས་འདིར་ལྡང་རྗེསཆུ་ཕོ་ཁྱི་ཡི་ལོ་དགུང་ལོ་ཉི་ཤུ་རྩ་བདུན་སྤྱི་ལོ་༡༩༨༢ལོར་གཞིས་རྩེ་ས་གནས་ཆོས་ཚོགས་ཀྱི་ལས་འཛིན་དུ་བཞུགསཆུ་མོ་ཕག་གི་ལོ་དགུང་ལོ་ཉི་ཤུ་རྩ་བརྒྱད་བཞེས་ཐོག་སྤྱི་ལོ་༡༩༨༣ལོར་གདན་ས་དར་སྡིངས་སུ་ཆོས་འགོ་དར་ཚུན་གྱི་ཕེབས་ཐེངས་དང་པོ་བསྐྱངས་ཏེ་ཁྲི་བརྟན་ནོར་རྩེར་སྒེར་སྲུང་བཙན་རྒྱལ་ཐོག་རྒོད་འབར་བའི་བཞུགས་ཁང་གསར་བཞེངས་གནང་བ་དང་གསེར་སྒོ་ཁྲ་མོ་གཞིག་ཤུལ་དུ་བསྟན་པའི་དར་ཆེན་ཞིག་བཙུགས་གནང་སྟེ་མ་འོངས་པར་སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་ཡོང་བའི་ཐུགས་སྨོན་མཛད་དེ་ཉིན་ཞག་འགའ་ཤས་བཞུགསཤིང་མོ་གླང་སྤྱི་ལོ་༡༩༨༥ལོར་གཤེན་གྱི་གདན་ས་དཔལ་ལྡན་དར་སྡིངས་སུ་གཤེན་ཚང་བླ་བྲང་ཕྱི་ནང་ཚང་མ་གསར་བཞེངས་ལེགས་པར་མཛདམེ་མོ་ཡོས་སྤྱི་ལོ་༡༩༨༧ལོར་དགུང་གྲངས་སུམ་ཅུ་སོ་གཉིས་ཐོག་གནས་ཆེན་གསེར་སྒོ་ཁྲ་མོ་ཐོག་མའི་གསར་བཞེངས་ཀྱི་རྨང་གཞི་གཏིངས་གནང་བ་དང་ལོ་དེར་གཞིས་རྩེ་ས་གནས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གནང་བ་དང་ལོ་དེར་པན་ཆེན་རིན་པོ་ཆེ་གཞིས་རྩེར་ཕེབས་པ་དང་པན་ཆེན་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་ཞིང་པན་ཆེན་རིན་པོ་ཆེ་མཆོག་ནས་ཁོང་ལ་མཐོང་ཆེན་གནང་སྟེགཤེན་ཐུགས་རྗེ་ཉི་མའི་སྐབས་སུ་ཁོང་དང་འབྲེལ་བ་ཟབ་མོ་ཡོད་ཚུལ་དང་ཁོང་དར་སྡིངས་སུ་ཕེབས་མྱོང་ཚུལ་སོགས་གསུངས་ཤིང་གཞིས་རྩེ་ས་གནས་ཀྱི་དབུ་ཁྲིད་རྣམས་ལ་གཤེན་སྲས་ཁོང་ལ་ལྟ་རྟོག་དང་གཟིགས་སྐྱོང་ཡག་པོ་གནང་དགོས་པའི་བཀའ་སློབ་གནང་ས་ཕོ་འབྲུག་སྤྱི་ལོ་༡༩༨༨ལོར་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་གི་སྐུ་མདུན་ནས་སྔོན་འགྲོའི་ཁྲིད་ལུང་དང་སྲིད་རྒྱལ་དྲེའུ་དམར་གྱི་བཀའ་གཏད་རྗེས་གནང་དང་བཅས་པ་ཞུ་གནང་མཛད་པ་དང་ལོ་དེར་དར་སྡིངས་སུ་ཕེབས་ཏེ་ཁྲི་བརྟན་ནོར་བུ་རྩེའི་འདུས་སྡེ་བླ་སློབ་རྣམས་ལ་བྱིན་རླབས་རྗེས་གནང་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བཀའ་སློབ་ལམ་སྟོན་བཅས་གནང་ཤིང་ཕོ་ཁྱི་སྤྱི་ལོ་༡༩༩༤ཙམ་ནས་ལོ་འགའ་ཤས་བོན་གྱི་བརྟེན་འགྱུར་ཆེན་མོའི་དཔར་སྐྲུན་གྱི་ལས་ཀར་གྲུབ་དབང་སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་ལ་ཕྱག་རོགས་གནང་སྟེ་བོད་ལྗོངས་མི་དམངས་དཔེ་སྐུན་ཁང་དུ་བཞུགསཤིང་མོ་ཕག་སྤྱི་ལོ་༡༩༩༥ལོ་ཚུན་ནས་གཙང་སྨན་རི་དགོན་སོགས་སུ་དངོས་སུ་ཞབས་ཀྱིས་བཅགས་ཏེ་བསྟན་པ་མ་ཉམས་བརྒྱུད་འཛིན་ཡོང་ཆེད་གཟིགས་སྐྱོངས་ཀྱིས་མཛད་བཟང་རླབས་པོ་ཆེ་འཇོག་གནང་མཛདམེ་མོ་གླང་སྤྱི་ལོ་༡༩༩༧ལོར་དགུང་ལོ་བཞི་བཅུ་ཞེ་གཉིས་ལ་ཕེབས་ཏེ་ལྷ་ལྡན་དུ་གཤེན་ཚང་བླ་བྲང་གསར་དུ་གཟིགས་ཏེ་ཡབ་སྲས་ཡུམ་སྐུ་འཁོར་དང་བཅས་ད་ལྟའི་བཞུགས་གནས་དེ་ཡིན་པས་དེ་ཡང་ལྷ་གདན་དུ་གཤེན་གྱི་བླ་བྲང་བྱུང་བ་ལོ་རྒྱུས་ཐོག་གི་དང་པོ་དེ་ཡིན་པར་སྣང་ངོ་ས་མོ་ཡོས་སྤྱི་ལོ་༡༩༩༩ལོར་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོནཔའི་འགན་བཞེས་གནང་བ་དང་རྒྱལ་ཡོངས་ཆོས་ཚོགས་ཀྱི་ལས་འཛིན་མཛདབོད་རབ་བྱུང་བཅུ་བདུན་པའི་ས་སྐྱོང་ཞེས་ཤིང་མོ་བྱ་སྤྱི་ལོ་༢༠༠༥ལོར་རི་རྒྱལ་དགོན་ཁྲི་བརྟན་ནོར་བུ་རྩེའི་འདུ་ཁང་ཆེན་མོའི་ས་འདུལ་རྨང་གཞི་གཏིང་གནང་སྟེ་ལོ་ཤས་ནང་ཕྱི་ནང་གི་རྟེན་བཞེངས་ཡོངས་རྫོགས་ལེགས་པར་གྲུབས་མོ་གླང་སྤྱི་ལོ་༢༠༠༩ལོར་དཔལ་ལྡན་དར་སྡིངས་གཤེན་གྱི་བླབྲང་གསར་བཞེངས་རྒྱ་ཆེར་གཏོང་གནང་བ་དང་ལོ་དེར་རྒྱལ་ཡོངས་ཆོས་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གནང་བ་དང་འཛམ་གླིང་ཆོས་ཚོགས་ཀྱི་ཚོགས་འདུར་ཐེངས་གཉིས་ཕེབསལྕགས་མོ་ཡོས་སྤྱི་ལོ་༢༠༡༡ལོར་སྐུ་འབུམ་མཆོད་རྟེན་བཀྲིས་མཐོང་གྲོལ་ལྷ་ཁང་གི་ས་འདུལ་རྨང་གཞི་གཏིང་གནང་བ་དང་ལོ་དེར་འཛམ་གླིང་ནང་རྟེན་ཐུན་ཚོགས་ཀྱི་ཚོགས་འདུར་བཞུགས་གནང་མཛདཤིང་ཕོ་རྟ་སྤྱི་ལོ་༢༠༡༤ལོར་ལྷ་ལྡན་དུ་ཏིས་རས་གཡུང་དྲུང་བོན་དགོན་མཐར་བརྟན་གླིང་བསྐྱར་བཞེངས་མཛད་པ་དང་ལོ་དེར་ལྷ་ལྡན་དུ་ཡོད་པའི་གཤེན་གྱི་ཕོ་བྲང་བསྐྱར་བསྐྲུན་ཡང་མཛད་པ་སོགས་ མདོར་ན་ད་ལྟ་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་རྟ་ལོ་དགུང་གྲངས་ལྔ་བཅུ་ང་དགུ་ལ་ཕེབས་པའི་བར་སྔ་ཕྱིར་ནག་ཆུ་དང་དབུས་གཙང་སོགས་སུ་ཕེབས་ཐེངས་མང་པོ་ཞབས་ཀྱི་བཅགས་ཏེ་བོན་དགོན་ཁག་ལ་རྟེན་བཞེངས་དང་བཀའ་སློབགཟིགས་སྐྱོང་བླ་ན་མ་མཆིས་པ་བསྩལ་གནང་བ་མ་ཟདད་ལྟའི་ཆར་ཡང་དམ་པ་གང་ཉིད་ཞྭ་དཀར་སངས་རྒྱས་གཡུང་དྲུང་བསྟན་པའི་བདག་ཉིད་དང་རྒྱལ་ཡོངས་ཆོས་ཚོགས་ཀྱི་རྒྱུན་ལས་ལས་འཛིན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོནདམུ་རིགས་གཤེན་གྱི་བསྟན་པ་གསས་ཁང་གསེར་སྒོ་ཁྲ་མོ་དང་རི་རྒྱལ་དགོན་ཁྲི་བརྟན་ནོར་གླིང་གི་དབུ་འཛིན་བཅས་གནང་མུས་ཡིན་ཞིང་ཤེས་ཡོན་དང་བསམ་བློའི་གོ་རྟོགས་མཐོ་ལརྒྱལ་གཅེས་ཆོས་གཅེས་ཀྱི་ལངས་ཕྱོགས་བརྟན་ཞིང་ཉིད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རིས་མེད་ཀྱི་ཉམ་ཐག་འགྲོ་ལ་སྙིང་རྗེས་ཐུགས་དགོངས་ཟབ་བཞེད་དང་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་བསླབ་བྱ་རྒྱུན་པར་དྲིལ་བསྒྲགས་དང་ལྷག་པར་ཆོས་ལུགས་གྲུབ་མཐའ་ཕན་ཚུན་དབར་གཅིག་ཕནགཅིག་རོགས་ཀྱིས་མཛའ་བཤེས་དང་མི་རིགས་མཐུན་སྒྲིལ་སློབ་གསོ་བཅས་ནམ་ཡང་མི་དོར་བམ་ཟད་དགེ་སྒྲུབ་སྡིག་སྤང་དང་ཡ་རབས་ཀྱི་སྤྱོད་བཟང་མི་དོར་བ་བཅས་བྱེད་དགོས་པའི་སྐོར་གྱི་ཞལ་ཏ་དད་ལྡན་མང་ཚོགས་ལ་གནང་བ་དང་ད་ལྟ་གཤེན་གྱི་ཕོ་བྲང་ཉིད་དུ་རྒྱལ་བསྟན་འཁོར་ལོ་གསུམ་གྱི་མཛད་བཟང་སྐྱོང་བཞིན་བཞུགས་པ་བཅས་ཀྱི་རྣམ་ཐར་མདོར་བསྡུས་སོ། །

གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་དང་ཡུམ་མཁའ་འགྲོའི་སྤྲུལ་པ་ཉི་མ་མཚོ་མོ་བྱ་བ་རིགས་རྒྱུད་ཤིན་ཏུ་བཟང་ལ་ངང་རྒྱུད་འཇམ་ཞིང་རིང་བབཞིན་འཛུམ་བག་ཡོད་ལྡན་ཞིང་ཉམས་ཐག་གི་འགྲོ་ལ་ཕན་སེམས་ཆེ་བདད་པ་དང་དག་སྣང་ཆེ་བབསྟན་པ་རིན་པོ་ཆེར་ལྷག་བསམ་དཀར་ལ་བྱམས་དང་སྙིང་རྗེ་ལྡན་ཞིང་ཅི་ཡོད་སྦྱིན་པ་ལ་དགའ་བཁ་འདོན་བཟླས་བརྗོད་ལ་བརྩོན་པ་བཅས་མཛངས་ཡོན་ནི་བརྗོད་ལས་འདས་ཤིང་ཡེ་ཤེས་ཀྱི་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་རྣམ་གཉིས་ལ་སྲས་སྐུ་མཆེད་ལྔ་བྱུང་ཡང་འཁྲུངས་པའི་དང་པོ་སྲས་པོ་སྟེང་ཚོ་ཆེས་ཕངས་ཤིང་འགྱོད་པ་ནི་ཁོང་ཉིད་འདུལ་བྱ་གཞན་དུ་ཕེབས་པས་ངེད་ཅག་བསོད་ནམས་ཀྱི་སྐལ་བ་དམའ་སྟབས་སྐུ་གདུང་ནི་དཔལ་གཤེན་བསྟན་ཀླུ་ཕུག་གཡུང་དྲུང་བདེ་ཆེན་གླིང་དུ་གདུང་ཞུགས་ཕུལ་གནང་མཛདདེ་འོག་བགྲེས་པ་གཉིས་སྲས་མོ་སྟེཆེ་བ་བསོད་ནམས་ལྷ་སྐྱིད་དེ་འོག་གཅུང་མོ་བསོད་ནམས་གཡང་སྐྱིད་གཉིས་ཀྱི་འོག་མ་གདན་སའི་ཁྲི་འཛིན་སོ་དྲུག་པ་ཕྱོགས་བཅུའི་དུས་གསུམ་རྒྱལ་བ་ཐམས་ཅད་ཐུགས་ཀྱི་ངོ་བོ་གཅིག་ཏུ་བསྡུས་པའི་བདག་ཉིད་སྤྲུལ་བའི་སྐུ་མཆོག་དམུ་རྒྱལ་གཤེན་གྱི་གདུང་སྲས་མཁན་ཆེན་འགྲོ་བའི་མགོན་པོ་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་མཆོག་ནིགངས་ལྗོངས་འཛིན་མའི་དབུས་སུ་མཚན་སྙན་གྱི་བ་དན་སྲིད་རྩེ་རུ་སྒྲེང་ཞིང་མཛད་བཟང་ལྷག་བསམ་གྱི་དུང་ཟླ་རིས་མེད་མཁའ་དབྱིངས་ན་བདལ་བའི་དམུ་རིགས་གཤེན་གྱི་གདུང་རྒྱུད་ལས་བྱོན་པའི་ཡབ་དམུ་གཤེན་ཆེན་པོ་ནོར་བུ་དབང་གི་རྒྱལ་པོ་མཆོག་དང་མཁའ་འགྲོའི་མཚན་རྟགས་ཡོངས་སུ་ཚང་བ་ཉི་མ་མཚོ་མོ་གཉིས་ལས་བསོད་ནམས་དཔལ་འབྱོར་རབ་ཏུ་རྒྱས་ཤིང་རིགས་བཟང་ཁུངས་བཙུན་གྱི་ཡབ་ཡུམ་ལསམཁའ་འགྲོའི་དགོངས་རྟགས་བཞིནའབྱུང་ལྡན་སུམ་བརྒྱ་དང་གཅིག་བོད་རབ་བྱུང་བཅུ་བདུན་པའི་མཐོང་ལྡན་ཞེས་པ་ཆུ་ཕོ་སྤྲེའུ་སྤྱི་ལོ་༡༩༩༢སྤྱི་ཟླ་༢ཚེས་༡༡བདག་ཅག་གི་སྟོན་པ་སངས་རྒྱས་སྐུ་བལྟམས་པའི་དུས་ཁྱད་པར་ཅན་ཧོར་ཟླ་བཅུ་གཉིས་ཕྱི་མའི་ཚེས་བརྒྱདགཟའ་མིག་དམརཐ་སྐར་འགྲུབ་སྦྱོར་འཛོམས་པའི་ཚེས་བཟང་ཉིན་གྱི་ཆུ་ཚོད་བཅུ་གཉིས་སྔ་ཆ་ཙམ་ལ་འཇའ་འོད་འཁྲིགས་ཤིང་བཀྲ་ཤིས་པའི་དགེ་རྟགས་དང་བཅས་ངོ་མཚར་ཆེ་བའི་གཟུགས་སྐུ་མངོན་པར་བལྟམས་ཤིང་ཨུ་དུམ་ཝ་རེའི་མེ་ཏོག་གིསཤམ་པོ་ལྷ་རྩེ་བཀོད་པ་གསར་དུ་མཛེས་ཞེས་གསུངས་པ་ལྟར་མཛེས་སྐུའི་ཉི་གཞོན་གསར་བ་མཁའ་རུ་འཛུམ་ཞིང་གཤེན་རབ་ཚེ་དབང་ཞེས་པའི་མཚན་གསོལ་མཛདདེ་ནས་སྐུ་བྱིས་པའི་དུས་ཡབ་ཡུམ་གཉིས་ཀྱིས་ཁོང་གི་སྐུ་ཚེ་ལ་བར་ཆད་མི་ཡོང་བའི་རྩ་ཆེའི་གཟིགས་སྐྱོང་འོག་སྐུ་གཞོན་ནུའི་དུས་འདས

གཅུང་པོ་དམུ་རིགས་གཤེན་གྱི་གདུང་འཛིན་གཡུང་དྲུང་རང་གྲོལ་ཉི་མ་མཆོག་ནིསྙིགས་མའི་དུས་ཀྱི་གདུལ་དཀའི་ཚོགས་རྣམས་རྗེས་སུ་བཟུང་བའི་ཕྱིརརང་གཞན་ཀུན་གྱི་དད་པའི་གསོས་སུ་བོད་རབ་བྱུང་བཅུ་བདུན་པའི་ཕན་བདེ་ཞེས་པ་ཤིང་ཕོ་ཁྱི་ཡི་ལོ་སྤྱི་ལོ་༡༩༩༤སྤྱི་ཟླ་༥་ཚེས་༥ཧོར་ཟླ་གསུམ་པའི་ཚེས་ཉི་ཤུ་ལྔ་ཉིནགཟའ་ཕུར་བུསྐར་མ་ནམ་གྲུས་རླུང་མཚན་མོའི་ཆུ་ཚོད་གཉིས་དང་སྐར་མ་གསུམ་ཐོག་ངོ་མཚར་གྱི་བཟང་ལྟས་དུ་མ་དང་བཅས་གཟུགས་སྐུ་མངོན་པར་བལྟམས་ཤིང་ཡབ་ཀྱིས་ཁོང་གི་མཚན་ལ་ཚེ་དབང་བསྟན་འཛིན་ཞེས་གསོལཁོང་སྐུ་བྱིས་པའི་དུས་ནས་ཐུགས་རྒྱུད་དུལ་བ་དང་མཛད་སྤྱོད་བཟང་བ་སོགས་སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་མཐའ་དག་གང་ནས་བལྟས་ཀྱང་སྐྱེས་བུ་དམ་པའི་རང་རྟགས་ཡོངས་སུ་མངའ་བ་སྔོན་ནས་བསོད་ནམས་བསགས་པའི་སྐྱེས་བུའི་ངང་ཚུལ་ལྷན་སྐྱེས་སུ་ལྡན་ཡོད

ཁོང་རྣམ་གཉིས་ཆེ་བ་དགུང་ལོ་ལྔ་དང་ཆུང་བ་དགུང་ལོ་གསུམ་ལ་ཕེབས་ཐོག་སྤྱི་ལོ་༡༩༩༦ལོའི་བོད་ཟླ་བརྒྱད་པའི་ཚེས་བདུན་ཉིན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་ཚེ་རིང་སྐྲ་ཕུད་བཞེས་ཏེ། ཆེ་བའི་མཚན་ལ་གཤེན་སྲས་གཙུག་ཕུད་རྣམ་གྲོལ་རྒྱལ་མཚན་དང་ཆུང་བའི་མཚན་ལ་གཡུང་དྲུང་རང་གྲོལ་ཉི་མ་ཞེས་གསོལསྤྱི་ལོ་༢༠༠༠ལོའི་བོད་ཟླ་བདུན་པའི་ཚེས་བརྒྱད་ཉིན་གྲུབ་དབང་སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་གིས་གཟའ་སྐར་འཕྲོད་སྦྱོར་གཟིགས་ཏེསྨྲ་སེང་དཀར་པོ་གཅིག་སྒྲུབ་ཀྱི་ལུང་གནང་བ་དང་ཡོངས་འཛིན་ཚེ་རིང་རྒྱས་ལས་ཐོག་མར་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་འདོན་གསུམ་ལ་སྦྱངས་འགོ་ཚུགསཁོང་རྣམ་གཉིས་ནི་སྐུ་ན་ཆུང་ངུའི་དུས་ནས་རྒྱུད་ལ་བྱམས་དང་སྙིང་རྗེ་ཆེན་པོ་ལྡན་ཏེ་ཐུགས་རྒྱུད་ལ་གཞན་ཕན་གྱིས་གང་བཟང་ཟིང་འཁོར་བའི་ལས་ལ་སྙིང་རྗེ་དང་འབག་བཙོག་གི་གནས་སུ་གཟིགས་ཏེ་ཤ་རིགས་སོགས་མི་གཙང་བའི་ཟས་རྣམས་བཞེས་རྒྱུར་མི་དགའ་བང་ཆེ་ཁེངས་དྲེགས་དང་བདག་འཛིན་ཕྱོགས་རིས་སོགས་ཀྱི་དབེན་པས་ཞི་བ་བྱང་སེམས་ཀྱི་ཕྱུག་ཅིང་ཀུན་གྱི་དད་པའི་དང་བ་འདྲེན་པ་དམ་པའི་རང་གཤིས་ཀྱི་རྟགས་ཁོ་ནར་མཛད་པ་སོགས་དཀར་ཕྱོགས་ལྷ་མི་ཀུན་གྱིས་སྨོན་པའི་ཕུན་ཚོགས་ཀྱི་མཚན་སྙན་བརྗོད་ལས་འདས་པ་དང་ཁོང་གཉིས་ལ་སྐྱེས་སྟོབས་ཀྱི་ཤེས་རབ་དང་ཡོན་ཏན་ཕུན་སུམ་ཚོགས་ཤིང་རིང་མིན་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་འདོན་གསུམ་སོགས་ལ་དཀའ་ཚེགས་མེད་པར་མཁྱེན་པ་བྱུང་ཞིང་ཐ་སྙད་ཤེས་བྱའི་རིགས་ཐ་དག་ལན་རེ་ཙམ་གྱིས་མཁྱེན་པར་གྱུར་བ་དང་ཆུང་ནས་ཐོས་བསམ་ལ་སྦྱངས་པས་རིག་གནས་ལ་མཁས་ཤིང་ཁྱད་པར་དུ་སྲིད་པའི་ཕུན་ཚོགས་ལ་མི་མཉེས་ཤིང་དེ་ལྟ་བུའི་དགེ་མཚན་རབ་ཏུ་གཡོ་བའི་ཉེར་ལེན་ལ་བརྟེན་ནས༢༠༠༢ལོའི་བོད་ཟླ་བརྒྱད་པའི་ཚེས་ཉི་ཤུ་གཅིག་ཉིན་རྒྱལ་བ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་བསྟན་འཛིན་རྣམ་དག་མཆོག་གིས་མ་རྒྱུད་དབང་བཞི་ཚང་མ་དང་ཚེ་དབང་བོད་ཡུལ་མའི་དབང་དང་སྲིད་རྒྱལ་མི་དྲེད་མའི་བཀའ་གཏད་སྣང་བ་དང་དེའི་རྗེས་སུ་ཡོངས་འཛིན་མཆོག་གངས་ལྗོངས་སུ་ཕེབས་ཐེངས་གསུམ་པ་བསྐྱངས་སྐབས་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་དབང་ཁྲིད་དང་བླ་བླུ་མཆི་བླུ་བཅས་ཀྱི་ལུང་དང་སྙན་རྒྱུད་ཀྱི་ཁྲིད་ལུང་དང་བྱང་སེམས་ཀྱི་ཁྲིད་བཅས་ཕུལ་གནང་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་གིས་ཁོང་རྣམ་གཉིས་ལ་རྒྱལ་ཐེབ་དབང་ཁྲིད་ཕུལ་གནང་མཛདམཁས་པའི་དབང་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གིས་ཨ་སྙན་རྫོགས་གསུམ་དང་བདེ་སྨོན་རྣམ་གསུམ་བཅས་ཀྱི་ལུང་ཕུལ་གནང་མཛདགྲུབ་དབང་སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་གིས་གྲུབ་དབང་བླ་མ་སྒྲུབ་པའི་དབང་ལུང་ཆ་ཚང་དང་གདུགས་དཀར་དབང་དང་ཚེ་མཆོག་མཐའ་ཡས་དབང་ལུང་ཆ་ཚང་བཅས་དང་ཞིང་སྐྱོང་ལྷ་མོའི་གཉེར་གདམས་བཅས་ཕུལ་ཡོད་པ་སོགས་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་མཁས་ཤིང་གྲུབ་པའི་བླ་མ་དམ་པ་རྣམས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐུགས་བསྐྱེད་སྨོན་ལམ་དང་མདོ་སྔགས་སེམས་གསུམ་སོགས་གྱི་དབང་ལུང་ཁྲིད་གསུམ་བཅས་ཟབ་རྒྱས་བུམ་པ་གང་བྱོའི་ཚུལ་དུ་ཕུལ་ཡོད་པར་བརྟེནགསང་གསུམ་གསང་བའི་མཛད་པདངོས་སྐལ་དུ་གྱུར་བའི་གདུལ་བྱ་རྣམས་བདག་ལྟ་བུས་འདི་དང་འདིའོ་ཞེས་ཞུ་བར་ག་ལ་སྤོབསའོན་ཀྱང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཡིན་པ་ནི་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེམཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་ཞེས་གསུངས་པ་བཞིན་ཡིན་པར་སོམ་ཉི་མེད་པར་འདོད་དོཁོང་སྐུ་མཆེད་གཉིས་ད་ལྟ་དམུ་རྒྱལ་གཤེན་གྱི་བླ་བྲང་དུ་བསླབ་པ་གསུམ་གྱི་ཉམས་ལེན་ལ་ཐུགས་བྲེལ་གྱི་མཛད་འཕྲིན་སྐྱོང་བཞིན་མཆིས་ཏེབཀའ་དྲིན་མཚུངས་མེད་ངེས་པ་དོན་གྱི་ཡོངས་འཛིན་རིན་པོ་ཆེ་སྐལ་བཟང་རྒྱས་སོགས་མཁས་ཤིང་གྲུབ་པའི་དགེ་བའི་བཤེས་གཉེན་མང་པོར་གཏུགས་ཏེམདོ་སྔགས་སེམས་གསུམ་སོགས་བཅུ་ཕྲག་རིག་པའི་གནས་ཀུན་གྱི་གཞུང་དོན་དང་རིག་གནས་སྤྱི་དང་བྱེ་ཕྲག་གང་སྤྱིར་བརྩོན་པར་སྦྱངས་ནས་ཐོས་བསམ་སྒོམ་གསུམ་གྱི་སྒྲོ་འདོགས་བཅོད་དངབཅོད་མུས་སུ་བཞུགས་སོ། ། ཞེས་པའི་རྣམ་ཐར་ཉུང་བསྡུས་འདི་ཡང་དམ་པ་གང་གི་བཀའ་འབངས་ཡོངས་ཀྱི་ཐ་ཤལ་དུ་གྱུར་བ་གཤེན་བཙུན་ཉི་མ་འོད་ཟེར་པས་བཀྲ་ཤིས་རྟེན་འབྲེལ་གྱི་ཚུལ་དུ་བྲིས་སོ། །

འདི་ཡིས་དགེ་བས་འགྲོ་བློའི་ཀུན་གསལ་ཁྱོན། །

ངེས་འབྱུང་ཆུ་འཛིན་ལོང་ལོང་རབ་འཁྲིགས་ནས། །

ཕན་བདེའི་གྲུ་ཆར་ཆིལ་ཆིལ་ལེགས་ཕབས་ཏེ། །

བྱང་ཆུབ་མྱུ་གུ་རྒྱས་པའི་དཔལ་དུ་བསྔོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།