མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ།

རྩོམ་པ་པོ། མེ་སྟོན་ཉི་མ་རྒྱལ་མཚན།

ཡིག་ཆའི་རིགས་གྲས། .pdf

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2017-01-04

ངོ་སྤྲོད་མདོར་བསྡུས། གླེང་བརྗོད།
སྤྱིར་འགྲོ་བ་མི་རིགས་གང་ཞིག་ཡིན་ཡང་བདེ་བ་ནི་ཡུན་ནས་ཡུན་དུ་འདོད་པ་ཤ་སྟག་དང་། སྡུག་བསྔལ་ནི་དུས་ཀྱི་སྐར་ཆ་ཙམ་ཡང་གཏན་ནས་མི་འདོད་པའི་རིགས་ཤིག་ཡིན་ཡང་། བདེ་བ་ཐོབ་པའི་རྒྱུ་ཡང་དག་པ་ཞིག་བསྒྲུབ་ཤེས་དང་མི་ཤེས། སྡུག་བསྔལ་འགོག་པའི་ཐབས་གོ་ཆ་བཙན་པོ་ཞིག་ཚོལ་ཤེས་དང་མི་ཤེས་པའི་དབང་གིས། ཆེ་བ་རྒྱལ་ཁབ་དང་ཆུང་བ་ཁྱིམ་ཚང་ནས་ཀྱང་ཕན་ཚུན་བསམ་ཤེས་དང་། འདོད་རྔམ་དབང་གིས་ཞི་བདེ་དང་འཁྲུགས་རྩོད་གཉིས་ཕན་ཚུན་འགྲན་རྩོད་ལྟ་བུ་འཛམ་གླིང་འདིར་བྱུང་དང་འབྱུང་མུས་ནི་གཞན་གཅེས་ཀྱི་ཀུན་སློང་གིས་འདངས་བ་དང་དེས་སློབ་གསོས་མ་འདངས་བའི་ཁ་ཕྱོགས་ཀྱི་མཇུག་འབྲས་གཉིས་ལས་གྱེས་པ་ཞིག་རེད་སྙམ། འོན་ཀྱང་དུས་རབས་ཉེར་གཅིག་དུ་སླེབས་དུས་དཔལ་འབྱོར་གོ་ལ་ཅན་དང་། ཤེས་ཡོན་དྲྭ་བ་ཅན་གྱི་དུས་འདིར་ཕྱི་ཡི་འབྱོར་ཕྱུག་གི་རྣམ་པ་ནི་སྔར་ལས་འཕེལ་རྒྱས་ཕྱིན་ནས་མང་བ་ལས་ཉུང་སྐྱོན་གཏན་ནས་མེད་མོད། ནང་སེམས་ཀྱི་ཞི་བདེ་ནི་དཔལ་འབྱོར་དང་གྲགས་སྙན་གཅིག་པུས་བསྐྲུན་མི་ཐུབ་པ་དང་འབྱུང་དཀའ་བའི་ཚོད་དུ་གནས། སེམས་ཀྱི་ཞི་བདེ་ནི། ཕན་ཚུན་བསམ་ཤེས་དང་། ཕན་ཚུན་བརྩེ་སེམས། ཕན་ཚུན་ཡིད་ཆེས། གཞན་གཅེས་བློ་ཡིས་ཕྱུག་པ་དག་ལས་འབྱུང་དགོས་པ་གཞིར་བཅས། ཟང་ཟིང་གི་དཔལ་འབྱོར་དང་། འབྱོར་ཕྱུག་གི་འཕེལ་རྒྱས། རྣམ་དཔྱོད་ཀྱི་ཤེས་རབ་སོགས་ནི་བདེ་སྡུག་བསྐྲུན་པའི་ཆ་རྐྱེན་ཙམ་ལས་བདེ་བ་ངོ་མ་མིན། ད་ལན་འདིར་འདོད་རྔམ་འགོག་པ་དང་ཆོག་ཤེས་བསྐྱེད་བྱེད་ཀྱི་ཐབས་བླ་ན་མ་མཆིས་པ་སངས་རྒྱས་བསྟན་པའི་ཆ་ཤས་སུ་གྱུར་པའི་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གིས་མཛད་གནང་བའི་སེམས་ཀྱི་ཞི་བདེ་བསྐྲུན་པའི་ཐབས་ལམ་འདི་ཉིད། དམ་པ་ཁོང་གི་སྐུ་ཚེའི་འཕེལ་རིམ་ཁྲོད་དུ་ནང་བསྟན་ལ་ཐོས་བསམ་སྒོམ་བསྒྲུབས་བྱས་པའི་ཉམས་མྱོང་ཡིག་ཐོག་ཕབ་པ་ཉམས་ཁྲིད་དང་། ལོ་རྒྱུས་དང་གནས་ལུགས་ངོ་སྤྲོད་བསྒྲགས་མའི་རང་རྣམ་སྐལ་བཟང་དྭངས་འདྲེན། ཕྱི་སྣོད་ཆགས་ཚུལ་དང་ནང་བཅུད་གྲོལ་ཚུལ་གཙོས་བླ་མཆོད་དང་མི་སྐྱ་ཕོ་མོ་སོགས་ཀྱི་བྱ་སྤྱོད་གང་ཞིག་དགོས་ཚུལ་སྐོར་གྱི་འཇིག་རྟེན་སྲིད་པའི་རྣམ་བཤད། ཐོད་བརྒལ་སྣང་བ་ཉམས་ལེན་བྱེད་ཐབས་ཀྱི་མུན་ཁྲིད་འོད་གསལ་ལྔ་སྐོར། དུས་སྙིགས་དྲན་པ་ཡང་གསང་སྒྲུབ་ཐབས་ཀྱི་ཕྱག་བཞེས་འཕྲུལ་ལྡེ་མིག ཁྱུང་ཡུལ་གྱི་ལྷ་ཀླུ་གཞི་བདག་རྣམས་མཆོད་བསྐུལ་དང་བརྔན་པར་བྱེད་པའི་གྱིམ་ཤོད་གཞི་གནས་མཆོད་ཐབས། དྲན་པ་དྲག་པོ་སྒྲུབ་བྱེད་ཀྱི་ཕྱག་བཞེས་ལ་སོགས་པའི་གསུང་རྩོམ་ཐམས་ཅད་ཕྱོགས་གཅིག་ཏུ་བསྒྲིག་རྒྱུ་ནི་གདན་ས་འདི་ལ་བཞུགས་པའི་གོང་འོག་རྣམས་ཀྱིས་ཁུར་དུ་འཁྲི་བའི་འོས་འགན་ཞིག་ཏུ་བརྣག་བཞིན་ཡོད་ལ། མ་ཚད་དཔེ་ཆ་འདི་རྣམས་ཐལ་རྡུལ་གྱི་བར་གསེང་དུ་མནལ་མམི་གཟིམས་པའི་ཆེད་དུ། འདི་དག་ལ་དོ་སྣང་ཡོད་པའི་ཐོས་བསམ་པ་དང་། སྒོམ་སྒྲུབ་ཉམས་ལེན་པ། ཞིབ་འཇུག་པ་རྣམས་ཀྱིས་གཟིགས་ཀློག་བདེ་བའི་ཆེད་དང་། དེ་བཞིན་འཇིག་རྟེན་གྱི་ཁམས་འདིར་འཕྲུལ་ངག་གི་བོན་རིན་པོ་ཆེའི་གཞུང་ལུགས་འདི་དག་ཡུན་རིང་པོར་གནས་ཆེད་སོགས་ལ་དམིགས་ནས་དེང་གི་འཕྲུལ་པར་དུ་བཏབས་ནས་འཛམ་གླིང་ཤར་ནུབ་གང་སར་གཟིགས་ཀློག་བདེ་བའི་རེ་འདོད་ཡོངས་སུ་བསྐང་ཐུབ་པའི་སྨོན་པ་ལྟར་དེ་བཞིན་འགྲུབ་པའི་རྒྱས་བཏབས་བཅས་སོ།།
སྒྲིག་པ་པོ་བློ་གྲོས་རབ་གསལ་གྱིས་༢༠༡༦ཟླ་༡ཚེས་༣ཉིན་བྲིས།
གྱེར་ཝེར་རོ། །

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།