དབྲ་སྲས་འཇའ་ལུས་པའི་རྣམ་ཐར་སྐལ་ལྡན་ཡིད་ཀྱི་དགའ་སྟོན།

རྩོམ་པ་པོ། བྲག་མགོ་ཚེ་དབང་རྒྱལ་མཚན།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2017-12-22

ངོ་སྤྲོད་མདོར་བསྡུས། ࿃གཟེར་མིག་འཕྲུལ་དེབ།࿃
དེ་ཡང་ཤེས་བྱ་རིག་པའི་གཞུང་ལུགས་གང་ལ་ཧ་ཅང་ཡིད་གཞུང་བ་དང་མོས་གུས་ཟབ་པའི་རྟེན་གནས་ཡང་དག་པ་ཞིག་ཡོད་དགོས་པ་ནང་བཞིན། ང་ཚོས་ཀྱང་མི་རིགས་རང་གི་ཤེས་བྱའི་རིག་གཞུང་གི་བསམ་བློའི་མཛེས་རྩལ་དང་ཐུན་མིན་གྱི་ཁྱད་ཆོས་དཔྱོད་འབྲས་ཐད་ལ་ལུས་སེམས་རྣམ་དག་གིས་དངོས་འཚོལ་ཉམས་ཞིབ་གཙོས་ནུས་འཇོན་གང་ལེགས་ཀྱིས་སེམས་པ་འབུལ་དགོས་པ་ནི་གནད་ཀྱི་དམ་པ་ལགས།
སྔར་ཞུས་ལྟར། རང་ཉིད་ཀྱི་མོས་ཕྱོགས་བཞིན་མཛད་འཕྲིན་ཀུན་ལས་ཁྱད་འཕགས་ཀྱི་རང་བཞིན་ཅན་ནི་གསུང་རབ་ཀྱི་དགོངས་འགྲེལ་གཅེས་འཛིན་དང་སྡུད་གཉེར་ལེགས་པོར་བྱས་ཏེ་ཀུན་ལ་དར་སྤེལ་གྱི་ལས་དོན་དེ་ལགས་ཕྱིར། མི་རིགས་གང་ཞིག་རིག་གནས་ཤིག་ལ་གཞི་བཅོལ་དགོས་པ་ཡིན་ན་རིག་གནས་དེར་དད་མོས་དང་བརྩི་འཇོག གཞུང་དྲང་གིས་རང་སྟོབས་མངའ་བའི་སྐྱེས་བུ་མང་པོ་ཡོད་དགོས་པ་ལྟར་ང་ཚོ་གཞོན་རབས་པ་དག་ནས་ཀྱང་དུས་རབས་འདི་དང་བསྟུན་མི་རིགས་རང་གི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་སྤྱི་ཚོགས་འདི་དང་འཚམས་ཅི་ཐུབ་ཀྱི་སྒོ་ནས་འགྲེམ་སྤེལ་བྱེད་དགོས།
ད་ལན་འདིར་བདག་གིས་མཁས་པའི་གསུང་བཅུད་ཀྱིས་གཏམས་པའི་གསུང་རྩོམ་སྐོར་དང་བདེན་དཔང་ཟབ་ལམ་གྱི་དཔྱད་བརྗོད་སོགས་ཁྱད་འཕགས་རང་བཞིན་གྱི་རྩོམ་ལུགས་སྣ་ཚོགས་ལས་གྲུབ་པའི་དེབ་ཕྲེང་རྣམས་མི་རིགས་རང་གི་སློབ་གཉེར་བ་དག་ལ་ཕན་པ་ཆེ་བའི་རེ་ལྟོས་དང་བཅས་ནས“གཟེར་མིག་འཕྲུལ་དེབ”ཀྱི་ལམ་ནས་འཕྲུལ་བསྒྱུར་བཟོས་ཡོད།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།