ཤེར་ཕྱིན་མངོན་རྟོགས་ལམ་གྱི་སྐབས་དང་པོ་ནས་སྐབས་བརྒྱད་པའི་བར།

རྩོམ་པ་པོ། ཀུན་མཁྱེན་ཉི་བསྟན་དང་ཡོངས་འཛིན

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2015-06-02

ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདིའི་པར་སྒྲིག་གསལ་བཤད།

རབ་དཀར་གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་ཞིང་འཛམ་གླིང་གོ་ལ་ཆེན་པོའི་སྤྱི་གཙུག་ཏུ་ཆགས་པའི་མཐོ་སྒང་གི་ཞང་བོད་ཅེས་གྲགས་པའི་ལྗོངས་འདིར། འཇིག་རྟེན་ཁམས་ཀྱི་ཕན་བདེའི་གཞི་རྩ་ལྷག་བསམ་དང་བྱམས་བརྩེའི་དཔལ་ཡོན་རབ་ཏུ་འབར་བའི་དུས་རབས་སུ་སླེབས་ཤིང༌། ཕྱོགས་དང་རིས་སུ་མ་ཆད་པའི་སྐྱེ་དགུ་ཡོད་དོ་ཅོག་གི་མ་འདྲིས་པའི་མཛའ་བཤེས་ཆེན་མོ། རྣམ་མཁྱེན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་དམུ་རིགས་རྒྱལ་པོའི་སྲས་སུ་སྐུ་ཡི་སྐྱེས་བར་བཞེས་ཏེ་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དུ་བསྟན། དེ་རྗེས་འཛམ་གླིང་མཁས་པའི་རྒྱན་དྲུག་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གསེར་རིའི་ཕྲེང་བ་ལྟར་བྱོན་ནས། རྒྱལ་བའི་བཀའ་དྲི་མ་མེད་པ་སྒོ་བཞི་མཛོད་ལྔ་སོགས་ཀྱི་དགོངས་བཅུད་དཔྱད་སྟོབས་ལུང་རིག་ཚད་མས་ལེགས་པར་བཀྲལ་བས་བཀའ་བརྟེན་རི་བོའི་གཏོས་དང་འགྲན་པ་བརྩམས་གནང་མཛད་པ་ནི་སྟོང་གསུམ་གསེར་གྱིས་བཀང་སྟེ་ཡོན་དུ་ཕུལ་ན་ཡང་གཞལ་པར་དཀའ་བའི་བཀའ་དྲིན་གྱི་གནས་སུ་ལྕིའོ།། ལྷག་པར་དེང་གི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་སྐབས་འདིར། བོད་རིག་པའི་སྙིང་བཅུད་ཟབ་མོ་འདི་ཉིད་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་པར་གཙིགས་སུ་འཛིན་སྟེ། བརྒྱུད་བསྒྲགས་དང་ཡུན་གནས་ཀྱི་ཐབས་ལམ་ལ་འབད་པ་གལ་ཆེ། སྒོས་སུ་རྒྱལ་ཁབ་འབྲེལ་ཡོད་ཚན་པས་ཐུགས་ཁུར་དང་མི་རིགས་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱི་ཉིན་བྱེད་ཤར་རིའི་རྩེ་ནས་འོད་སྟོང་འཕྲོ་བའི་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་རིས་མེད་ཀྱི་གྲུབ་མཐའ་ཁག་གི་སློབ་གཉེར་བ་རྣམས་ཀྱི་མཐུན་རྐྱེན་དུ་དམིགས་ཏེ། མདོ་སྨད་སྣང་ཞིག་དགོན་ཆེན་གྱི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཚོགས་གཙོ་ཆེན་མོ་དགེ་བཤེས་གཡུང་དྲུང་བློ་གསལ་ལ་ཞུས་སྟེ། དགེ་བཤེས་ཁོང་དང༌དགེ་བཤེས་སྨར་བསྟན་འཛིན་རྣམ་རྒྱལ་ཟུང་གིས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ཡིག་ཚགས་ལས་བླངས་སྟེ་མ་ཕྱི་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། དེར་བརྟེན་གྲོགས་ཁྲི་བསོད་བསྟན་ལགས་ཀྱིས་འགན་འཁྲི་གཙང་མ་ཕྲག་ཏུ་བླངས་ཏེ་རྒྱ་ཆེ་ཀློག་མཁན་ཁྲི་སྟོང་མང་པོའི་སྤྱན་སྔར་འབུལ་ཐུབ་བྱུང་བ་ནི་བདག་ལ་སྔ་ཕྱི་བར་གསུམ་དུ་བརྩེ་སེམས་ཡངས་མོས་ཐུགས་ཁུར་དང་ལྷག་བསམ་དྲོན་མོས་ལམ་སྟོན་གནང་མཁན་བདག་གི་༧དཔོན་གསས་བླ་མ་དང་གཡུང་དྲུང་སྤུན་གྲོགས་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག འབྱུང་འགྱུར་ཡང་ངའི་ལས་ཀར་རྩ་ཆེའི་ལམ་སྟོན་བཀའ་སློབ་མུ་མཐུད་ལྷུག་སྩོལ་ཡོད་པ་མཁྱེན་ཞེས་ཞུའོ།།
བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་རྒན་བསྐལ་བཟང་ཚུལ་ཁྲིམས་ཀྱིས་སྤྱི་ལོ༢༠༡༥ལོའི་བོད་ཟླ༢ཚེས༡༥ཉིན་ཕུལ།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།