གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས།

རྩོམ་པ་པོ། བླ་ཆེན་དྲན་པ་ནམ་མཁའ།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2014-02-01

ངོ་སྤྲོད་མདོར་བསྡུས། ཞང་ཞུང་སྐད་དུ། མ་ཝེར་ན་ཧ་ར་ཨག་ཅིམ་གྱིན། སྤུ་རྒྱལ་བོད་ཀྱི་སྐད་དུ་ན། མན་ངག་གཏན་ཚིགས་དོན་གྱི་དངོས་གཞི། བཀའ་ལུང་ཤེས་བྱ་འབྱེད་པའི་ལྡེ་མིག། གཡུང་དྲུང་བོན་གྱི་སྒྲ་བསྒྲགས་བྱང་ཞེས་བྱ་བ། མཁའ་ལ་ཉི་ཟླའི་འོད་ཤར་བ། རི་གྲིབ་མུན་པ་གསལ་བ་བཞིན། སྟོན་པའི་ཐུགས་ལས་འོད་ཤར་བས། རྨོངས་པའི་བློ་ཡི་མུན་སེལ་ཕྱིར། རྗེས་སུ་འཇུག་པའི་གཤེན་རབས་ལ། གོ་བར་བསྟན་གྱིས་འབྲེལ་བར་གྱིས། འདི་ལ་ངང་གིས་གོམས་བྱས་ན། རང་རིག་རང་ལ་འཆར་བར་འགྱུར། རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱིས། ཡུལ་ནི་ཆུ་མིག་བརྒྱ་རྩའི་མགོར། རྒྱུད་ལུང་མན་ངག་དོན་རྣམས་བསྡུས་ནས་བྲིས། སྲིད་པ་དང་པོའི་རྒྱུད་བཟུང་ནས། སངས་རྒྱས་རབས་བདུན་བསྟན་པ་རིམ་གྱིས་མཛད། ལྷ་རྒྱུད་ཕྱོགས་སྐྱོང་ས་འཛིན་རྒྱལ་པོ་དང་། གདུང་རྒྱུད་སྐུ་གཤེན་རྒྱལ་བློན་རྒྱུད་འཛིན་དང་། སྔོན་གྱི་སྨོན་ལམ་འཕེལ་ཤུགས་ཀྱིས། རྒྱལ་སྲིད་ཐ་མའི་རྒྱུད་འཛིན་དང་། སྤྲང་པོ་གསུམ་གྱི་ལས་དབང་གིས། རྒྱ་གར་ཆོས་དང་ངན་སྔགས་བོད་དུ་བྱུང་། ཁོད་སྤུངས་མཉམ་བཞག་ངང་ལས་ལྡང་། ལྷ་གཤེ་འདྲེ་འདྲེན་བགྲོད་རྩོད་བྱེད། དུས་ཀྱི་མཐའ་མ་ཐུག་ཤེར་འབྱུང་། བསྟན་པའི་དོན་དུ་སྐུ་གདུང་བརྩིགས། དེ་ཡི་ཆ་མཁན་དྲན་པས་བྱེད། བསྟན་པ་རིན་ཆེན་གཏེར་དུ་འཇོག སྔར་སྐྱེས་ད་’དྲན་པས་སྐྱེས་’ “སྐྱེ་དྲན་པས་”ཁོད་སྤུངས་ཀྱིས། བདེར་གཤེགས་ལུང་ལ་དགེ་སྡིག་ཏུ། དོན་དུ་སྨོན་ལམ་དཀར་ནག་བཏབ། ལུང་བསྟན་ལུང་མ་བསྟན་པ་ཡིན། གྲུབ་མཐའ་མཆོག་དང་མཆོག་དམན་གཉིས། དཀར་ནག་དགེ་སྡིག་མུན་ལྟར་སྣང་། དོན་དུ་གཤེན་རབ་ཆོས་དང་སྐུ་གཤེན་གསུམ། སྒྲུབ་ཕྱོགས་སོ་སོར་སྣང་མོད་ཀྱང་། ཐིག་ལེ་སེམས་སུ་བསྒྲུབ་ན་གྲུབ་མཐའ་གཅིག དེ་ལས་ལོག་པའི་དོན་ནི་གཤེན་རབ་ངས་མ་གསུངས། ཞེས་བྱ་སྟེ་ལོ་རྒྱུས་རྩ་ཚིག་ཏུ་བསྟན་པའོ།།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།