སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ།

རྩོམ་པ་པོ། ཀུན་མཁྱེན་ཉི་མ་བསྟན་འཛིན།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས།

དབང་ཚད། མཉམ་སྤྱོད་མཉེན་ཆས།

སྤེལ་དུས། 2014-01-18

ངོ་སྤྲོད་མདོར་བསྡུས། མེད་པ་ལྔ་ལྡན་སྤྲོས་བྲལ་ཀུན་ཏུ་བཟང་།། ངེས་པ་ལྔ་ལྡན་ཁྱབ་བདག་གསང་བ་འདུས།། མ་ངེས་ལྔ་ལྡན་སྟོན་མཆོག་བརྒྱ་པའི་མགོན།། རྒྱུད་གསུམ་བསྟན་པའི་གཙོ་བོས་ཤིས་པ་སྩོལ།། ྋགང་སྐུ་ཞི་རྒྱས་དབང་དྲག་རོལ་གར་གྱིས།། བརྟན་གཡོའི་ཞིང་ཀུན་དབང་སྒྱུར་ལྷག་པའི་ལྷ།། ཡེ་དབང་སྲིད་པའི་རྒྱལ་པོ་དུས་འཁོར་ལོ།། སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིའོ།། ྋགང་གི་མཚན་ཙམ་ཐོས་པའི་འོད་སྟོང་གཟིས།། ལུས་ཅན་སེམས་ཀྱི་མུན་སྟུག་རབ་བསལ་ནས།། བློ་གྲོས་གེ་སར་བཞད་པའི་གཉེན་གཅིག་པུ།། གསུང་དབྱངས་ལྷ་མཆོག་དེ་ཉིད་སྙིང་དབུས་རོལ།། ྋགངས་ཅན་བསྟན་འགྲོའི་མགོན་དུ་ཤེས་རབ་ལྷ།། རབ་མཛེས་ངུར་སྨྲིག་ཟོལ་བསྟན་མཉམ་མེད་ཅེས།། རྒྱལ་བ་མཆོག་དང་དབྱེར་མེད་བཀའ་དྲིན་ཅན།། མཚན་མཆོག་དོན་ལྡན་མཁས་ཀུན་གཙུག་ན་རྒྱལ།། ྋམཉམ་མེད་བླ་མའི་ཐུགས་བསྐྱེད་ཤར་རིའི་འཕྲག། ལས་ཐོན་རིག་འཛིན་སེམས་དཔའི་སྣང་བརྙན་གར།། བསྟན་པའི་ཉི་མ་གཟུགས་མིག་གྲངས་ལྡན་དང་།། འདྲེན་མཆོག་བསོད་བློའི་མཚན་ཅན་ལན་བརྒྱར་བསྟོད།། ྋརྒྱལ་བའི་བསྟན་པ་འཇིང་ཟབ་ཆུ་གཏེར་ལ།། རྨོངས་བླུན་བྱིས་པའི་འཐོམ་འགྲོས་བགྲོད་མིན་རུང་།། འཁྲུལ་མེད་བཀའ་ལུང་ཟབ་མོའི་གྲུ་གཟིངས་ལ།། ཉེར་བརྟེན་ངེས་པར་རྙེད་པ་བསྟན་པའི་རྩིས།། ངོ་མཚར་ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས།། ནོར་འཁྲུལ་དྲི་མའི་སྐྱོན་གྱིས་གོས་པ་རྣམས།། ཐོས་བརྩོན་འདུ་བྱེད་དར་གྱིས་ལེགས་ཕྱིས་པ།། བློ་གསར་མགུལ་གྱི་རྒྱན་དུ་འདི་ལོངས་ཤིག། ྋདེ་ཡང་བསྐལ་པ་གྲངས་སུ་མེད་པ་དང་།། གྲངས་སུ་བཟུང་བའི་བསྐལ་པ་རྣམ་པ་གཉིས།། གྲངས་སུ་བཟུང་བའི་བསྐལ་པ་བཟང་པོ་འདིར།། སངས་རྒྱས་སྟོང་དང་རྩ་གཉིས་བྱོན་པ་ལས།།

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།