ཤེར་ཕྱིན་མངོན་རྟོགས་ལམ་རིམ་ཆེན་མོ།

རྩོམ་པ་པོ། རྨེའུ་མཁས་ཚུལ་ཁྲིམས་དཔལ་ཆེན།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས། iBooksསོགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2013-04-26

ངོ་སྤྲོད་མདོར་བསྡུས། ༄༅།། ཞང་ཞུང་སྐད་དུ། ཏྲི་ཤེན་མུ་ཡེ་མུ་ཏོག་ནི། སྤང་ལྒྱུཾ་བྲི་ངམ་རྣི་དང་གྱད། བོད་སྐད་དུ། ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་རྟོགས་ལམ་གྱི་རིམ་པ་ཞེས་བྱ་བ། སྟོན་པ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བདེར་གཤེགས་སྒྲིབ་ཟད་རྣམ་མཁྱེན་སྣ་ཚོགས་གསུངས་པ་ཀུན་གྱི་འབྱུང་གནས་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ཟབ་ཡངས་རྟོགས་པ་ཉིད་ཀྱི་འཇིག་རྟེན་དོན་གྲུབ་གང་། །གཉིས་སྣང་སྣ་ཚོགས་དངོས་པོ་ཀུན་གྱི་ཡོངས་སུ་རྟེན་དང་གཞི་གྱུར་གང་ཡིན་པའི། །བདེ་བར་གཤེགས་པ་སེམས་དཔའི་ཚོགས་བཅས་ཤེས་བྱ་ཀུན་གྱི་འབྱུང་གནས་ཡུམ་དེ་ལ་ཕྱག་འཚལ། །སྟོན་པས་ལེགས་པར་གསུངས་པའི་དོན། །བློ་དམན་རྣམས་ཀྱིས་མ་མྱོང་བ། །ཐོས་བསམ་བསྒོམ་པ་ལས་བྱུང་བའི། །ཤེས་པའི་མདོ་ཡི་དོན་རྣམས་ཀུན། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །དེ་ནི་འདི་ཡིས་བདེ་བླག་ཏུ། །རྟོགས་པར་འགྱུར་བ་ཞེས་བྱ་བ། །རྩོམ་པར་བྱེད་པའི་དགོས་པ་ཡིན། །

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།