བྱང་སེམས་གབ་པ་དགུ་སྐོར་གྱི་འགྲེལ་བ།

རྩོམ་པ་པོ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན།

ཡིག་ཆའི་རིགས་གྲས། .epub

སྐད་ཡིག བོད་ཡིག

འཁོར་སྟེགས། iBooksསོགས།

དབང་ཚད། རིན་མེད་མཉེན་ཆས།

སྤེལ་དུས། 2013-04-23

ངོ་སྤྲོད་མདོར་བསྡུས། “འདིར་བྱང་ཆུབ་སེམས་ཀྱི་ཐིགས་པ། སྟོན་པ་ཐུགས་ཀྱི་ཉིང་ཁུ། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ཡང་བཅུད། ཐེག་པ་དགུའི་སྤྱི་ཕུད། གསས་མཁར་སུམ་བརྒྱ་དྲུག་ཅུའི་ཡང་སྙིང༌། མན་ངག་ཐམས་ཅད་ཀྱི་རྩ་བ། འཕྲུལ་ངག་བདེན་པའི་བོན་ཐམས་ཅད་ཀྱི་སྤྱི་འགྲེལ། ལུང་ཐམས་ཅད་ཀྱི་རྒྱལ་མཚན། ཡེ་གཤེན་གཙུག་ཕུད་ཀྱི་དངོས་གྲུབ། གཤེན་རབ་ཐམས་ཅད་ཀྱི་འདྲེན་སྟོན། བྱང་ཆུབ་ཀྱི་སེམས་གབ་པ་དགུ་བསྐོར་འདི་འཆད་པར་བྱེད་པ་ལ། མཆོག་གི་རྣམ་སྤྲུལ་འགྲོ་བའི་དོན་ལ་བྱོན་པའི་མཁས་པ་རྣམས་ཀྱིས། ཡིད་བཞིན་ནོར་བུ་ལྟ་བུའི་བཤད་ལུགས་དུ་མ་ཐ་དད་མཛད་ནས། གདུལ་བྱ་དུ་མ་སྨིན་ཞིང་གྲོལ་བར་མཛད་པའོ། འདིར་བཞེད་དེ་དག་གི་ནང་ནས། ལུང་རིགས་ཀྱི་དབང་ཕྱུག་གི་ཁྱུང་རྒྱལ་མཚན་དང༌། བསྟན་པའི་མངའ་བདག་ཆེན་པོ་རྗེ་བཙུན་དང༌། བློ་གྲོས་ཀྱི་གཏེར་ཆེན་ཉི་རྒྱལ་དང༌། བསླབ་གསུམ་གྱི་དབང་ཕྱུག་གཡོར་མེ་དང༌། ལུང་རིགས་ཀྱི་མངའ་བདག་གཉོས་རྒྱལ་དང༌། དྲི་མེད་ཀྱི་སྤྱན་ལྡན་བདུད་རྩི་དང༌།”

ཐོབ་སྐར།

གཟིགས་ཐེངས:

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།